གྲའུ་ཚེ་བརྟན་ལགས་ཀྱིས་སྤྱི་འཐུས་ལས་འཁུར་དམ་འབུལ།
གྲོས་ཚོགས་ཚོགས་དུས་༡༡ པའི་སྐབས་སུ་་མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་ལགས་ཀྱིས་ྋགོང་ས་མཆོག་གི་སྐུ་དབང་འཕོ་འགྱུར་གཏོང་རྒྱུ་ཁམས་པ་གཞིས་བྱེས་གཉིས་མི་མང་གི་སེམས་ཡུལ་དུ་ཤོང་ཐབས་བྲལ་བ་དང༌། དོ་བདག་བསོད་ནམས་ཡང་ཟད་འགྲོ་རྒྱུ་ཁོ་ན་ལས་མ་འདས་ཞེས་གྲོས་ཚོགས་ཀྱི་ལས་རིམ་དུ་མཉམ་ཞུགས་བྱ་རྒྱུ་མིན་པའི་རྩ་དགོངས་སྙན་ཞུ་ཕུལ་བར། བར་མའི་འོས་བསྡུ་བྱེད་མ་དགོས་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༧ པའི་ནང་གསེས་༣ པའི་དགོངས་དོན་ལྟར། གྲའུ་ཚེ་བརྟན་ལགས་མདོ་སྟོད་སྤྱི་འཐུས་ཀྱི་སྒུག་ཐོའི་ཁོངས་ནས་རྩེ་བཏོག་གིས་སྐབས་༡༤ པའི་བོད་མི་མང་སྤྱི་འཐུས་སུ་ལས་ཁུར་དམ་འབུལ་ཞུས་པ་ཞིག་ཡིན་པ་རེད།
གྲའུ་ཚེ་བརྟན་ལགས་ནི་ཕྱི་ལོ་༡༩༥༨ ཟླ་༥ ཚེས་༡༥ ཉིན་སྒ་སྐྱེ་རྒུ་མདོར་འཁྲུངས། བཙན་བྱོལ་ནང་དུ་མཐོ་སློབ་འགྲིམས་རྗེས། ཀུམ་རའོ་གཞིས་ཆགས་ཀྱི་ལག་ཤེས་བཟོ་གྲྭའི་འགོ་འཛིན་དང། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོའི་སོགས་ཀྱི་ལས་འགན་ཁུར་མྱོང་བ་དང༌། སྐབས་༡༣ པའི་སྤྱི་འཐུས་བཅས་གནང་མྱོང་ཡོད་པ་རེད།།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་བ་ལས་བསྡུ་བསྒྲིགས་བྱས།
{jcomments on}