བཙན་བྱོལ་བོད་གཞུང་གི་ལོ་འཁོར་སྔོན་རྩིས་གཏན་འབེབས།

དེ་ཡང་ཕྱི་ལོ་༢༠༡༡ ཟླ་༣ ཚེས་༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་༡༡ པ་ཚོགས་བཞིན་པའི་སྐབས་ལོ་འཁོར་གཅིག་རིང་གི་སྔོན་རྩིས་དེ་སྡེ་ཚན་མི་འདྲ་བ་ཁག་ལྔ་རུ་དབྱེ་ནས་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་དང། ཀ ངེས་ཅན་འགྲོ་གྲོན། སྐུ་སྒེར་ཡིག་ཚང་དང། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་བཅས་ཀྱི་འགྲོ་གྲོན་བསྡོམས་ ༢,༨༢༨,༩༤༥ དང།

 

ཁ། ཁྲིམས་བཟོ་ལྷན་ཚོགས། སྤྱི་འཐུས་ཚོགས་དྲུང་ལས་ཁུངས་དང། ཆེས་མཐོའི་ཁྲིམས་ཞིབ་ཁང། བྱང་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང། ལྷོ་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་བཅས་ཀྱི་འགྲོ་གྲོན་བསྡོམས་༢༢,༤༡༡,༩༥༦

ག ཆབ་སྲིད་དང་འབྲེལ་བའི་ལས་ཁུངས་ཁག བཀའ་དྲུང་ཡིག་ཚང་དང། བདེ་སྲུང་ལས་ཁུངས། ཕྱི་དྲིལ་ལས་ཁུངས། ལྡི་ལི་སྐུ་ཚབ་དོན་ཁང་སོགས་དོན་གཅོད་ཁག་དང་དེའི་འབྲེལ་ཡོད་ཐེབས་རྩ་ཁག་གི་འགྲོ་གྲོན་བསྡོམས་༣༢༤,༦༣༠,༤༠༧

ང། འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག འོས་བསྡུ་ལས་ཁང། གཞུང་ཞབས་འདེམས་བསྐོ་ལྷན་ཁང། དབུས་རྩིས་ཞིབ་ལས་ཁང། ལྷོ་ཕྱོགས་དང་བལ་ཡུལ་བདེ་སྐྱིད་གླིང་བཅས་ཀྱི་རྩིས་ཞིབ་ཡན་ལག་དང། དཔལ་འབྱོར་ལས་ཁུངས་བཅས་ཀྱི་འགྲོ་གྲོན་བསྡོམས་༨༢,༠༣༧,༨༩༣

ཅ། སྤྱི་ཚོགས་དང་འབྲེལ་བའི་ལས་ཁུངས་ཁག  ཆོས་རིག་ལས་ཁུངས་དང། འཕྲོད་བསྟེན་ལས་ཁུངས། སྣེ་ལེན་འབྲེལ་མཐུད་ལས་ཁང། ཤེས་རིག་ལས་ཁུངས། ནང་སྲིད་ལས་ཁུངས་བཅས་ཀྱི་འགྲོ་གྲོན་བསྡོམས་༦༠༡,༢༠༨,༩༩༩ ཡིན་པ་དང། ལོ་འཁོར་གཅིག་རིང་གི་སྔོན་རྩིས་ཆ་ཚང་བསྡོམས་ཧིན་སྒོར་༡,༠༣༣,༡༡༨,༢༠༠ བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད།།

{jcomments on}