གློག་བརྙན་འཁྲབ་སྟོན་པ་སུ་ཤི་མི་ཏཱས་༧གོང་ས་མཆོག་མཇལ་བ།

sushmita_senཁོང་གིས་གསར་འགོད་པར་བརྗོད་དོན། ངའི་མི་ཚེའི་ནང་འཛམ་གླིང་འདིའི་ནང་གི་མི་སྣ་གཉིས་མཇལ་རྒྱུའི་རེ་འདོད་ཆེན་པོ་བྱེད་བཞིན་ཡོད་པ་གཅིག་ནི། མ་ངྷར་ཊེ་རི་ས་དམ་པ་ཁོང་དང། གཅིག་དེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན། ཁོང་གིས་ང་ཚོར་འཛམ་གླིང་གི་མང་ཚོགས་ཁྲོད་དངུལ་དང་དབང་ཆར་དགའ་མོས་ཀྱི་བསམ་བློ་དེ་དག་ལས་བརྒལ་ཏེ་དོན་དམ་གྱི་བདེ་སྐྱིད་ཐོག་དམིགས་ཚད་བཟུང་དགོས་པ་མ་ཟད། གཞན་ལ་ཕན་སེམས་འཆང་རྒྱུའི་ཀུན་སློང་དགོས་པའི་ལམ་སྟོན་བཀའ་སློབ་བསྩལ་བྱུང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཁྱད་ཆོས་དེ་དག་ལྡན་པའི་མཚོན་དོན་ཞིག་ཀྱང་ཡིན་ལ་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་ཧ་ཅང་བྱམས་བརྩེ་དང་ལྡན་པ་ཞིག་རེད་འདུག ད་ཐེངས་ཕྲན་ལ་ཁོང་གི་ཞལ་མཇལ་ཐོབ་པ་དེ་ནི་ཧ་ཅང་གི་གཟི་བརྗིད་དང་སྤོབས་པ་ཐོབ་བྱུང་ཞེས་བརྗོད་འདུག །

{jcomments on}