དབྱུག་རྩེད་སྤོ་ལོའི་རྩེད་འགྲན་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ།

ind-n-pakཟླ་འདིའི་ཚེས་༣༡ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་གྲངས་འགའི་སྔོན་ནས་འཛམ་གླིང་དབྱུག་རྩེད་སྤོ་ལོའི་རྩེད་འགྲན་འགོ་བཙུགས་ཡོད་པ་དང། རིམ་གྱིས་དབྱིན་ཡུལ་སོགས་ནུབ་ཕྱོགས་པའི་རྒྱལ་ཁབ་རྣམས་ཤོར་ཡོད་པས། ཟླ་འདིའི་ཚེས་༣༠ ཉིན་པཱ་ཀི་སི་ཐན་དང་རྒྱ་གར་གཉིས་ཀྱིས། རྒྱ་གར་གྱི་གྲོང་ཁྱེར་མཱོ་ཧཱ་ལའི་ནང་མཐའ་མཇུག་གི་རྩེད་འགྲན་གཉིས་པ་དེ་བརྩེས་ཡོད་པ་དང། སྐབས་དེར་པཱ་ཀི་སི་ཐན་གྱི་སྲིད་བློན་ཡུ་སི་ཧྤི་རཱ་རྫ་དང་ཁོང་གི་ལས་རོགས་རྣམ་པ། རྒྱ་གར་གྱི་སྲིད་བློན་མན་མཱོ་ཧན་སིང་མཆོག་གིས་གདན་འདྲེན་ཞུས་ནས། ཕྱོགས་གཉིས་ཀྱི་དཔོན་རིགས་ཚོས་རྩེད་འགྲན་ལ་མཉམ་ལྟ་བྱས་ཡོད་པ་རེད། རྩེད་མོའི་འབྲེལ་ལམ་དེ་བརྒྱུད་ནས་པཱ་ཀི་སི་ཐན་དང་རྒྱ་གར་ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་སོང་ཡོད་སྐོར་ཆབ་སྲིད་མི་སྣ་ཚོས་འགྲེལ་བརྗོད་བྱས་ཡོད་པ་དང། ལ་ལས་རྩེད་མོ་དེ་ལ་དབྱུག་རྩེད་སྤོ་ལོའི་སྐུ་ཚབ་མཐུན་འབྲེལ་ཞེས་བརྗོད་ཡོད་པ་རེད།

སྐབས་དེར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ནཱ་རུམ་པཱ་མཱ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་བསྐོངས་བའི་སྐབས་གསུང་དོན། ད་ཐེངས་ཀྱི་རྩེད་མོའི་འབྲེལ་ལམ་འདི་བརྒྱུད་ནས་རྒྱལ་ཁབ་ཕྱོགས་ཀྱི་མཐུན་ལམ་བསྐྱར་འཛུགས་བྱས་ཡོད་པ་དང། དེ་བཞིན་ང་ཚོས་སྤྲོ་སེམས་འཁོར་བའི་ངང་ནས་རྩེད་མོར་ལྟ་རྒྱུ་བྱུང་བ་དགའ་པོ་བྱུང་ཞེས་སོགས་གསུངས་ཡོད་པ་རེད། པཱ་ཀི་སི་ཐན་དང་རྒྱ་གར་ཕྱོགས་གཉིས་ཀས་རྩེད་མོའི་སྐབས། ལས་ཁུངས་ཁག་ལ་ཉིན་ཕྱེད་རིང་གཞུང་འབྲེལ་གུང་སེང་ཡང་བཞག་ཡོད་པ་རེད། མཐའ་མཇུག་གི་རྩེད་འགྲན་གཉིས་པ་དེ་རྒྱ་གར་ལ་ཐོབ་ཡོད་པ་དང་ཟླ་བ་རྗེས་མའི་ཚེས་༢ ཉིན་རྒྱ་གར་གྱི་གྲོང་འཁྱེར་མོམ་བྷེ་ནང། ཤྲཱི་ལངྐ་རྒྱལ་ཁབ་དང་རྒྱ་གར་གཉིས་ཀྱིས་མཐའ་མཇུག་གི་རྩེད་འགྲན་ཆེན་མོ་རྩེ་གཏན་ཁེལ་ཡོད་པ་རེད།།

{jcomments on}