ཁམས་འབའ་ཐང་ནས་ངོ་རྒོལ་སྐད་འབོད།
ཁོང་གཉིས་འཇུ་བཟུང་བྱས་པ་དང་དྲག་ཆས་སྤྲས་པའི་དམག་མི་འབོར་ཆེན་བཀྲམ་ནས་ལམ་གྱི་སུམ་མདོ་ཡོད་ཚད་བཀག་ཡོད་འདུག དེའི་རྗེས་བོད་ཟླ་དང་པོའི་ཚེས་བཅུ་བདུན་ཏེ་ ༢༠༡༡ ཟླ་ ༣ ཚེས་ ༢༡ ཉིན་འབའ་ཆོས་སྡེ་དགོན་གྱི་བྱམས་པ་གདན་འདྲེན་སྐབས་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་གདུགས་འོག་ནས་དུང་རྒྱ་གླིང་གིས་སྣེ་བསུས་ཏེ་རྫོང་གྲོང་ཁྱེར་ནང་གདན་འདྲེན་ཞུས་ནས་ཕྱིན་སྐབས། ཉེན་རྟོག་པས་བཀག་འགོག་བྱས་པར་བརྟེན་གྲྭ་པ་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཡང་ཤོར་ཡོད་འདུག ད་ལྟའི་ཆར་འབའ་ཐང་རྫོང་གྲོང་ཁྱེར་དང་འབའ་ཆོས་སྡེ་དགོན་པ་གཉིས་ཀ་དྲག་ཆས་དམག་མིས་ལྟ་སྲུང་འོག་གནས་ཡོད་འདུག་པ་མ་ཟད། དུས་དེ་ནས་བཟུང་རྒྱ་གཞུང་གིས་འབའ་ཐང་ན་ཕྱི་ཕྱོགས་ཀྱི་ཁ་པར་སོགས་གཏན་འགོག་བྱས་པར་བརྟེན་གོང་གསལ་སྐད་འབོད་བྱེད་མཁན་སུ་ཡིན་མིན་དང་། གྲྭ་པ་དང་ཉེན་རྟོག་པའི་བར་འཁྲུག་འཛིང་སྐབས་རྨས་སྐྱོན་ཤོར་ཡོད་མེད་དང། གྲྭ་པ་ག་ཚོད་འཛིན་བཟུང་བྱས་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ཀྱི་ཡོད་མི་འདུག །
གནས་ཚུལ་མཁོ་གཏོང་བ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་པས།