དཀའ་ཚེགས་ཆེ་བའི་ལམ་བུ་ཞེས་པའི་དཔེ་དེབ།

ཟླ་འདིའི་ཚེས་༡ ཉིན་དྷ་སའི་དཔེ་མཛོད་ཁང་དུ་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོ་ལགས་ཀྱིས་བརྩམས་པའི་“དཀའ་ཚེགས་ཆེ་བའི་ལམ་བུ་”ཞེས་པའི་དཔེ་དེབ་དབུ་འབྱེད་ཐོག སྐུ་མགྲོན་གྱི་གཙོ་བོ་ཆོས་རིག་བཀའ་བློན་མཆོག་དང་སྤྱི་འཐུས་དང་དྲུང་ཆེ་ཁག་ཅིག་བཅས་ཕེབས་འདུག།དང་ཐོག་རྩོམ་པ་པོས། རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་ཡོད་པ་དང། དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་པ་ཚོས་སྡུག་བསྔལ་མྱོང་བཞིན་པ་རྣམས། བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་འགན་འཁྱེར་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཆགས་ཡོད་པ་རེད། དེ་བཞིན་བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་དང་བོད་གཞུང་ལ། ཡིད་ཆེས་བློ་འགེལ་གྱིས་རང་སྲོག་ཀྱང་བློས་གཏོང་བཞིན་ཡོད་པས། ངས་དཔེ་དེབ་འདི་བྲིས་དོན་ཡང་དངོས་ཡོད་ཀྱི་གནས་ཚུལ་རྣམས་གསལ་འདོན་དང། བོད་ནང་གི་བོད་མི་ཚོའི་སེམས་ཤུགས་མ་ཆག་པའི་ཆེད་དུ་ཡིན་ཞེས་སོགས་གསུངས་སོང།