ཨ་མདོ་རྔ་པ་རུ་བོད་མི་འཛིན་བཟུང་དང་དམ་དྲག

ཁོང་གི་ཕ་མིང་ལ་དོན་འགྲུབ་ཟེར་བ་གྲོངས་ཚར་ཡོད་པ་དང། མ་མིང་ལ་དོན་དེ་མ་ཟེར་གྱི་ཡོད་པ་རེད། ཁོང་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་ནང་སློབ་སྦྱོང་བྱས་ནས་བསྡད་ཡོད་ཅིང། འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་། འཛིན་བཟུང་བྱས་རྗེས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ཕྱི་ཟླ་༣ ཚེས་ ༣༠ ཉིན་ཕ་ཡུལ་རྔ་པ་རྫོང་སྤྲོ་ཚིགས་ཞང་ཀ་ཉག་སྡེ་བ་ནས་ཡིན་པའི་རྔ་པ་ཀིརྟིའི་དགོན་གྱི་གྲྭ་བློ་བཟང་ཆོས་འཕེལ། རང་ལོ་ ༢༤ ཡིན་པ་ཁོང་དགོན་པའི་གླིང་བར་ནས་འཛིན་བཟུང་གིས་བཙན་ཁྲིད་བྱས་ཡོད་ཅིང་ཁོང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་།

ཡང་གོང་ཚེས་ཡས་མས་ཤིག་ལ་རྔ་པ་རྫོང་གཅའ་ཞང་ཕྱུགས་ལས་གོང་མ་ནས་ཡིན་པའི་རྔ་པ་ཀིརྟིའི་དགོན་གྱི་རྒྱུད་པ་གྲྭ་ཚང་གི་གྲྭ་བློ་བཟང་དངོས་གྲུབ། རང་ལོ་ ༣༢ ཙམ་ཡིན་པ་ཁོང་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང་། འཛིན་བཟུང་དོ་དམ་བྱེད་དགོས་པའི་རྒྱུ་མཚན་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་། དེའི་གོང་འཛིན་བཟུང་བྱས་པའི་གྲྭ་བསམ་འགྲུབ་དང་བློ་བཟང་བསྟན་འཛིན། ཕུན་ཚོགས་(མི་སྐྱ)སོགས་མུ་མཐུད་བཀག་ཉར་བྱེད་མུས་ཡིན་འདུག།

ཕྱི་ཟླ་ ༤ ཚེས་ ༡ ཉིན་གནས་ཚུལ་ཐོན་པར། རྔ་པ་ཀིརྟིའི་དགོན་པ་བཀག་སྡོམ་བྱེད་མཁན་གྱི་དམག་མི་མང་དུ་བཏང་ཡོད་པ་དང་། དམག་མི་རྣམས་དགོན་པའི་གླིང་གི་ལྕགས་རིའི་ནང་ལ་སླེབས་ཏེ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དང་། དེའི་གོང་དགུང་ལོ་ ༧༠ ཡས་མས་ཀྱི་གྲྭ་པ་རྒན་པ་རྣམས་གླིང་སྐོར་ལ་གཏོང་གི་ཡོད་པ་དེ་ཡང་བཀག་འགོག་བྱས་ཡོད་པ་སོགས་མུ་མཐུད་འདི་ལྟར་ཕྱི་ནང་གི་འགྲུལ་བཞུད་ཚང་མ་བཀག་སྡོམ་བྱས་ན་དགེ་འདུན་པ་རྣམས་ལ་འཚོ་བའི་དཀའ་ངལ་ཡང་འཕྲད་སྲིད་པའི་སྐོར་སོགས་བརྗོད་ཀྱི་ཡོད་འདུག །
གནས་ཚུལ་མཁོ་གཏོང་བ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།

{jcomments on}