དགའ་འོས་པའི་གནས་བབ།
མཛད་བཟང་སྣང་བ་དཀར་པོས་ས་ཆེན་ལ་ཁྱབ་སོང་།།
ཐོབ་དབང་འདྲ་མཉམ་ཡོད་ཚད་མི་མང་ལ་ཐོབ་སོང་།།
གཅིག་སེམས་གཅིག་ལས་དཀར་བའི་སྤྱི་ཚོགས་དེ་མཐོང་དུས།།
དགའ་བའི་དངོས་པོ་ཡོད་ཚད་སེམས་གཏིང་དུ་འཁྱིལ་སོང་།།
གངས་ལྗོངས་མི་མང་ངང་པ་སེར་པོ་ཡི་ཁྱུ་ཆེན།།
རང་སྲུང་མདུན་བསྐྱོད་གཤོག་ཟུང་ལྷབ་ལྷབ་ཏུ་གཡོ་བཞིན།།
འཚེ་མེད་ཞི་བདེའི་མཁའ་ལམ་དམ་པ་དེ་རྒྱུད་ནས།།
རང་དབང་ཞི་བདེ་རྒྱ་མཚོའི་ཕ་མཐའ་རུ་འཕུར་འགྲོ །