ཏཱ་ལའི་ཡིས་“ལས་འཁྱུར་ངལ་གསོ”བྱེད་པ་ནི་ཆབ་སྲིད་ཀྱི་ཟློས་གར་ཙམ་ཞིག་རེད། ཆ་ཚང་ཡོད།
ཟླ༣པའི་ཚེས༡༨ཉིན་གྲོས་ཁང་རྫུན་མས། “སྐྱབས་རྗེ་དམ་པ་གང་གིས་མུ་མཐུད་ནས་བོད་ཀྱི་ཆོས་སྲིད་ཟུང་གི་ལས་དོན་གྱི་ཆེས་མཐོ་བའི་འགན་བཞེས་གནང་རྒྱུར”གྲོས་ཆོད་བྱུང་བ་རེད། ཏཱ་ལའི་བླ་མས་ཡང་བསྐྱར་ལས་གནས་ནས་ཕྱིར་འབུད་རྒྱུ་ཐག་བཅད་རྗེས། གྲོས་ཁང་རྫུན་མ་དེས་མྱུར་དུ་གླེང་ཕྱོགས་བསྒྱུར་ནས་ཏཱ་ལའི་ཡི་བཀའ་དགོངས་ཅི་ལྟར་དོན་འཁྱོལ་བྱེད་པར་ཆེད་དུ་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཚོགས་ཆུང་དེས་གོང་དུ་སྤྲད་པའི་འཆར་ཇུས་ནང་དུ། ཕྱིས་འབྱུང་ཏཱ་ལའི་བླ་མས་དབང་ཆ་དེ“ཡུལ་གྱར་བོད་མི་སྲིད་གཞུང་གི་སྲིད་བློན”དང་“ཡུལ་གྱར་གྲོས་ཁང”“ཡུལ་གྱར་སྲིད་གཞུང་གི་ཆེས་མཐོ་པའི་ཁྲིམས་ཁང་”བཅས་ལ་བགོས་ནས་སྤྱོད་རྒྱུ་མ་ཟད། ཏཱ་ལའི་བླ་མའི་“སྲིད་འཛིན་སྟེང་གི་འགན་དབང་ཡོད་ཚད་”འཁུར་དགོས་ཞེས་དང་། དོན་དག་གལ་ཆེན་ལ་འཕྲད་ཚེ་ཏཱ་ལའི་ཡིས་ངེས་པར་དུ་“ཡུལ་གྱར་སྲིད་གཞུང”ལ་“སློབ་སྟོན་གནང་དགོས”ཞེས་བཀོད་ཡོད། ཡིན་ན་ཡང་དུས་ཕྱིས་འཆར་ཇུས་དེ་གྲོས་འཆམ་མ་བྱུང་ཞེས་བསྒྲགས་ཀྱིན་ཡོད། གྲོས་མི་རྫུན་མ་འགས་བསམ་པར་“དེ་ནི་བོད་ཕྱི་ནང་ཀུན་གྱི་མི་སེར་གྱི་འདོད་དོན་ངོ་མ་དང་རྒྱབ་འགལ་དུ་གྱུར་ཡོད”སྙམ་བཞིན་ཡོད་པ་དང་། ལྷག་པར་དུ“ཡུལ་གྱར་སྲིད་གཞུང་”གི་བཀའ་བློན་གཙོ་བོས་དབང་ཆ་འཛིན་རྒྱུར་དགག་རྒྱག་བྱེད་མཁན་ཡང་ཡོད། དུས་སྐབས་དེར་ཨ་རིའི་མཚམས་སྦྱོར་ཚན་པས་མཐའ་མར་ཏཱ་ལའི་ཡིས་“དམངས་སེམས་ཀྱི་འདོད་མོས་ལྟར་གོ་གནས་ནས་བཞུགས་”ཡང་སྲིད་ཞེས་དཔྱད་བརྗོད་སྤེལ་ཡོད་པ་རེད། “ལས་འཁྱུར་ངལ་གསོ”ཡིས་ཡང་བསྐྱར་ཏཱ་ལའི་ཡི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཐོབ་ཐང་དེ་ལྷང་ངེར་ཕྱིར་མངོན། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བའི་ཚུན་དུ། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་དོན་གྱིས་ཀྲུང་གོ་སྲིད་གཞུང་གི་དགག་རྒྱག་དྲག་པོ་སྣང་མེད་དུ་བསྐྱུར་ཏེ། ཏཱ་ལའི་བླ་མར་མཇལ་འཕྲད་ཡང་ཡང་བྱས། རྒྱུ་མཚན་ནི་ཏཱ་ལའི་ནི་“མི་རྣམས་ཀྱིས་གོང་བཀུར་བྱེད་པའི་ཆོས་ལུགས་འགོ་གཙོ་ཞིག་ཡིན”པར་ཁ་གཡར་བ་རེད། ད་ལྟ་ཆོས་ལུགས་མི་སྣ་རྐྱང་རྐྱང་ཞིག་གམ་བླ་མ་ཞིག་གི་ངོས་ནས“ཆབ་སྲིད་དམ་སྲིད་འཛིན་གྱི་ལས་དོན་”ལ་འབྲེལ་བ་ཅི་ཞིག་ཡོད་དམ། ཞེས་བཤད་ཀྱིན་ཡོད། ནུབ་ཕྱོགས་སྲིད་དོན་དེ་དག་གིས་ད་ལྟ་ཏཱ་ལའི་ཡི་སྟེང་ལ“དམངས་གཙོ”ཡི་མིང་བྱང་ཞིག་སྦྱར་བ་དེ་ནི། མ་གཞི་ཁོ་ཚོས་ཕལ་ཆེར་ཤེས་ཚོར་མེད་པའི་དུས་མཚུངས་སུ་ཏཱ་ལའི་ཡིས་ཁོ་ཚོར་འགྲམ་ལྕགས་ཚ་ནན་ཞིག་སྐུལ་ཡོད་པ་འདྲ། ཏཱ་ལའི་ཡིས་ལོ་དུ་མའི་རིང་ལ་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་བ་དེས་ཁོ་བོའི་ཆབ་སྲིད་བྲོས་བྱོལ་མཁན་གྱི་ཐོབ་ཐང་སྔ་མོ་ནས་གསལ་བོར་མཚོན་ཡོད་པ་སྨྲ་མི་དགོས། ཁོ་བོས་དངོས་སུ་གཏན་འབེབས་དང་མིང་རྟགས་བཀོད་པའི་“བོད་ཀྱི་ཡུལ་གྱར་བོད་མིའི་ཁྲིམས་ཡིག”ནང་དུ་གཏན་ལ་ཕབ་པའི་ཏཱ་ལའི་ཡི་ཆབ་སྲིད་ཀྱི་དབང་ཆ་དེ། དེང་གི་འཛམ་གླིང་གི་ཆབ་སྲིད་འགོ་ཁྲིད་པའི་དབང་ཆའི་ཚད་གཞི་དང་ཡོངས་སུ་བརྒལ་ཡོད། ༡༩༩༡ལོར་གཏན་འབེབས་བྱས་པའི“ཁྲིམས་ཡིག་”དོན་ཚན་གསུམ་པར་བཀོད་དོན། “བོད་ཀྱི་དམིགས་བསལ་གྱི་ཆོས་སྲིད་ཟུང་འབྲེལ་གྱི་སྲོལ་རྒྱུན་བཟང་པོ”ཡི་རྨང་གཞིའི་སྟེང་དུ་མ་འོངས་པར་བོད་ལྗོངས་ནི་“ཆོས་སྲིད་ཟུང་འབྲེལ་གྱི་རྒྱལ་ཁབ”ཅིག་ཡིན་ཞེས་དང་། དོན་ཚན་བཅུ་དགུ་བའི་ནང་དུ་སྲིད་གཞུང་གི་ཆེས་མཐོ་བའི་དབང་ཆ་དེ་ཏཱ་ལའི་ལ་དབང་བ་དང་། ཏཱ་ལའི་ཡིས་ཐད་ཀར་རམ་ཁོངས་གཏོགས་ཀྱི་ལས་ཁུངས་བརྒྱུད་དེ་དབང་ཆ་བཀོལ་སྤྱོད་དང་བཀའ་གསུང་ཅི་རིགས་བསྒྲགས་ཆོག་པ་མ་ཟད། རྒྱལ་ཁབ་ཀྱི་གཙོ་བདག་གི་མཚན་དོན་དང་དབང་ཆ་ཁྱད་པར་ཅན་ཡོད་ཅེས་དང་། དོན་ཚན་ཉེར་དགུ་བའི་ནང་དུ་མུ་མཐུད་དུ་བཀོད་དོན། ཏཱ་ལའི་ལ་རྒྱལ་སྲིད་བཀའ་བློན་ནམ་གཙོ་བཞུགས་བཀའ་བློན། སྲིད་བློན་ཡོངས་བརྗེ་སྒྱུར་བྱེད་པའི་དབང་ཆ་ཡོད་ཅེས་དང་། དོན་ཚན་སུམ་ཅུ་བའི་ནང་དུ་སྲིད་གཞུང་གི་དོ་དམ་བྱ་བ་ཡོད་ཚད་ཏཱ་ལའི་ཡི་མཚན་བཏགས་འོག་སྒྲུབ་དགོས་པ་རེད་ཅེས་བཀོད་ཡོད་དོ། ཏཱ་ལའི་ཤོག་ཁག་ལ་ད་ལྟའི་བར་དུ་ནུས་པ་ཆེན་པོ་འདོན་བཞིན་པའི“ཁྲིམས་ཡིག”དེས། “བོད་ཀྱི་ཡུལ་གྱར་སྲིད་གཞུང”དེ “དམངས་གཙོ། རང་དབང་། མིའི་ཐོབ་ཐང་”ལ་སོགས་པའི་རིན་ཐང་གི་ལྟ་བ་དང་འབྲེལ་བ་སྤུ་ཙམ་མེད་པ་ཧ་ཅང་གསལ་བོར་མཚོན་པར་བྱས་ཡོད། དེས་ལག་ལེན་དུ་བསྟར་བ་ནི་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་དབང་སྒེར་གཅོད་ཀྱི་དབང་སྒྱུར་ཁོ་ན་ཡིན་ལ། ཏཱ་ལའི་ནི་ད་བར་དུ་ཁྲིམས་དང་མི་མཐུན་པའི་ཆབ་སྲིད་རྩ་འཛུགས་དེའི་མགོ་བདག་རེད། ཏཱ་ལའི་ཡིས་ལོ་དུ་མའི་ནང་ཤོག་ཁག་ཆུང་ཆུང་དེའི་ནང་བོད་རྙིང་བའི་བཀོས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་ནས་རྒྱུན་བསྐྱངས་པའི་བླ་ན་མེད་པའི་དབང་ཆ་ལག་བསྟར་བྱས་པའི་རྐྱེན་དང་། ཡང་ན་ནུབ་ཕྱོགས་ཀྱི་སྲིད་དོན་འགས་ཏཱ་ལའི་ཡི་ཆབ་སྲིད་ཤན་ཤུགས་དེ་རིགས་ཡག་བསྒྱུར་དང་། གོང་བཀུར། རྒྱབ་སྐྱོར་བཅས་བྱས་པའི་རྐྱེན་གྱིས། ཏཱ་ལའི་ཉིད་ཤོག་ཁག་དེའི་འགོ་འཛིན་གཙོ་བོ་དང་། བཀོད་འདོམས་མཁན། རྒྱལ་སྤྱིའི་“ཚོང་རྟགས་”བཅས་སུ་གྱུར་འདུག ཡང་གཅིག་བཤད་ན་ཏཱ་ལའི་ཡི་ཆབ་སྲིད་འགོ་ཁྲིད་མེད་ན་ཆོས་སྲིད་ཟུང་འབྲེལ་གྱི་ཤོག་ཁག་ཆུང་ཆུང་དེ་ཉིན་གཅིག་ལའང་འཚོ་ཐབས་མེད་པ་རེད། ཏཱ་ལའི་ཡིས་ལས་འཁྱུར་ངལ་གསོ་བྱས་རྗེས། བཀའ་བློན་ཟམ་གདོང་གྱིས་འཕྲལ་དུ། ང་ཚོར་ཏཱ་ལའི་བླ་མ་ལས་གནས་ནས་ཕྱིར་བུད་རྗེས་སྲིད་གཞུང་གི་བྱ་བ་མུ་མཐུད་དུ་གཉེར་ཐུབ་པའི་ནུས་པ་ཡོད་པའི་གདེང་ཚོད་མེད། ཅེས་བཤད་པ་དང་། ཨ་རིར་སྡོད་པའི་ཏཱ་ལའི་ཡི་ཕོ་ཉ་ཡིས། ཏཱ་ལའི་ལས་འཁྱུར་ངལ་གསོ་རྒྱབ་རྗེས་སྣེ་ཁྲིད་ཀྱི་ནུས་པ་སྔར་བཞིན་འགྱུར་བ་མེད། དེ་དག་ཡི་གེར་བཀོད་ནས་གསལ་བརྗོད་བྱེད་དགོས་དོན་མེད། ཞེས་བཤད། དེ་ལས་རྟོགས་ཐུབ་པ་ནི། ཏཱ་ལའི་ནི་ཆོས་ལུགས་ཀྱི་འགོ་གཙོ་ཙམ་ཡིན་ཟེར་བ་ནི། ནུབ་ཕྱོགས་སྲིད་དོན་འགས་ཀྲུང་གོ་སྲིད་གཞུང་གིས་ཁོ་ཚོ་ཏཱ་ལའི་དང་མཇལ་འཕྲད་བྱེད་པར་དགག་པ་རྒྱག་པར་ཁ་གཡོར་བའི་བྱུང་རྒྱལ་གྱི་ཚིག་ཁོ་ནར་ཟད་དོ།།
༡༩༩༡ལོར། ཏཱ་ལའི་ཤོག་ཁག་ནང་ཁུལ་ནས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མང་པོ་བྱུང་ནས་ནང་འགལ་སྣ་ཚོགས་བཟོས་པ་མ་ཟད་དྲག་སྤྱོད་ཀྱི་བྱ་འགུལ་ཡང་ཅི་རིགས་བྱུང་ཡོད་དེ། ནང་བློན་ཐུན་མོང་དུ་ལས་གནས་ནས་ཕྱིར་བུད་པ་དང་། གྲོས་ཁང་ཡང་འཐོར་བའི་ཚུལ་ཁྱབ་བསྒྲགས་བྱས། འགལ་བ་དེ་དག་ཞི་ཆེད། ཏཱ་ལའི་ཡིས་ལས་འཁྱུར་ངལ་གསོ་ཕྱེད་ཙམ་བྱ་རྒྱུ་དང་།བཙན་བྱོལ་སྲིད་གཞུང་གི་དུས་རྒྱུན་གྱི་བྱ་འགུལ་དག་བཀའ་བློན་ཁྲི་བས་ཐག་གཅོད་པར་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་ཕྱིས་སུ་ཏཱ་ལའི་ཤོག་ཁག་གི་དོན་དག་གཙོ་གྲས་དག་སྔར་བཞིན་ཏཱ་ལའི་ཡིས་བཀོད་སྒྲིག་བྱས་པ་དང་། ཏཱ་ལའི་མི་སྒེར་གྱི་དྲུང་ཡིག་ཁང་དེ་ཉིད་དབང་འཛིན་གྱི་ལྟེ་གནས་སུ་གྱུར་ཡོད་པ་རེད། ༢༠༠༨ལོར། ཏཱ་ལའི་ཡིས་བོད་ལྗོངས་དང་ཨོ་རྩལ་འགྲན་ཚོགས་ལ་གཏོར་བརླག་གཏོང་པའི་ཐབས་ཇུས་བཤམས་པར་ཕམ་ཁ་བྱུང་རྗེས། ཤོག་ཁག་ནང་ཁུལ་གྱི་འགལ་བ་ཛ་དྲག་ཏུ་ཕྱིན་པས། ཡང་བསྐྱར་ཁོ་རང་སྔ་མོ་ནས་ལས་འཁྱུར་ངལ་གསོ་ཕྱེད་ཙམ་བྱས་ཡོད་ཚུལ་དང་། རྦད་དེ“ལས་འཁྱུར་ངལ་གསོ་”བྱ་རྒྱུར་གྲ་སྒྲིག་བྱེད་ཀྱིན་ཡོད་ཚུལ། དབང་ཆ་ཡོད་ཚད་མི་དམངས་ཀྱིས་བདམས་པའི་སྲིད་གཞུང་ལ་སྤྲོད་རྒྱུ་ཡིན་ཚུལ་བསྒྲགས་པ་རེད། དེར་དམིགས་ནས་ཆེད་དུ་རྒྱ་གར་ནས་“ཐུན་མོང་ཚོགས་འདུ་”ཞིག་བསྡུས། བློ་ཡུལ་ལས་འདས་པ་ཞིག་ལ། ཚོགས་འདུ་ལས་“ཏཱ་ལའི་བླ་མ་ནི་ཕྱི་ནང་བོད་རིགས་ཡོངས་ཀྱི་ཆེས་མཐོ་བའི་ཆོས་སྲིད་དབུ་ཁྲིད་པ་ཡིན་པར” གྲོས་ཆོད་བྱུང་པ་དང་། བོད་རིགས་མི་དམངས་ཡོངས་ཀྱིས་ཏྰ་ལའི་བླ་མས་དུས་ཚོད་གང་རུང་དུ་ཐག་གཅོད་བྱས་པའི་དོན་དག་ཅི་རིགས་ལ་བརྩི་བཀུར་དང་རོགས་སྐྱོར་ཡོང་བ་བྱ་དགོས་པ། ཏྰ་ལའི་བླ་མ་ངལ་གསོ་ཕྱེད་ཙམ་དང་རྦད་དེ་ངལ་གསོ་མི་བྱེད་པར་རེ་འབོད་བྱས་པས།ཏྰ་ལས་ང་རང་ལས་འཁྱུར་ངལ་གསོ་མི་བྱེད་པ་དང་། མི་ཚེ་འདིར་བོད་མི་ཚོར་བྱ་བ་སྒྲུབ་རྒྱུ་ཡིན་ཞེས་བསྒྲགས་པས། “ཕྱིར་འབུད་ཀྱི་ཟོལ་གྱིས་ནང་དུ་འཛུལ” བའི་འཐབ་ཕྱོགས་ལ་རྒྱལ་ཁ་ཆེན་པོ་ཐོབ། དེ་བས། གནས་བབ་མི་ལེགས་པའི་དུས་སུ་“ལས་འཁྱུར་ངལ་གསོ” ཡི་གནད་དོན་གླེང་པ་ནི་ཏྰ་ལའི་རྒྱུན་སྲོལ་ཞིག་ཏུ་གྱུར་ཡོད་དེ། སི་པན་ཡ《འཛམ་གླིང་ཚགས་པར》་དང་། དབྱིན་ཇིའི《ལྦེ་པོ》བཅས་ཀྱི་དཔྱད་གཏམ་དུའང་། ཏྰ་ལའི་བྱ་སྤྱོད་འདི་དག་གིས་ཁོང་གི་སྙན་གྲགས་རྒྱས་པ་ལས་རྒུད་མི་སྲིད་ཟེར། གཏིང་ཟབ་པའི་ངོས་ནས་བལྟས་ན། ཏཱ་ལའི་ཡིས་ཐེངས་འདིར་བཏོན་པའི་“ལས་འཁྱུར་ངལ་གསོ” ་ནི་ཆབ་སྲིད་དབང་ཆ་བར་བརྒལ་བྱ་རྒྱུ་མངོན་འགྱུར་བྱས་པ་ཡིན་ཏེ། “ཡུལ་གྱར་སྲིད་གཞུང་” གི་འཚོ་གནས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། ཏཱ་ལའི་༡༩༥༩ལོར་དྲག་ཆས་ངོ་ལོག་ཟིང་འཁྲུག་ཕམ་པར་གྱུར་ཏེ་ཕྱི་རྒྱལ་དུ་གྱར་དུས། ཐོག་མར་དྲག་ཆས་ཀྱི་ཐབས་ལམ་གྱིས་“བོད་རང་བཙན” བྱེད་པར་འཚོལ་སྙེགས་དང་། དེ་ནས་ “དབུ་མའི་ལམ་”བརྒྱུད་དེ“རང་བཙན་ཕྱེད་ཙམ” དང་། “རང་བཙན་ཕྱེད་ཀ་” ལ་གཞོལ་བའི་ཐབས་ལམ་བཙལ་བ་རེད། འོན་ཀྱང་མིག་སྔའི་བར་དུ། ཏཱ་ལའི་ལོ་ན་མཐོ་བར་གྱུར་ཀྱང་། “བོད་རང་བཙན” གྱི་ལམ་ཐག་ཇེ་རིང་དུ་སོང་བས། ཏཱ་ལའི་ཤོག་ཁག་ནང་ཁུལ་དུ་སེམས་ཁྲལ་དང་།མ་རངས་པ། ཡི་ཆད་བཅས་ཀྱིས་ཁྱབ་ཡོད་པ་རེད། ཏཱ་ལའི་ཡིས་གྲོས་ཁང་དུ་སྤྲིངས་པའི་འཕྲིན་དུ།“ནམ་ཞིག་ལ་ཁོ་བོས་འགོ་ཁྲིད་ཀྱི་འགན་ཁུར་ཐབས་མེད་པ་དང་། ནམ་ཞིག་ཁོ་བོས་གློ་བུར་དུ་འགོ་ཁྲིད་ཀྱི་འགན་ཁུར་མ་ནུས་ན། ནང་ཁུལ་དུ་བཀོད་འདོམས་པ་མེད་པའི་རྙོག་དྲ་ཆེན་པོ་འབྱུང་ངེས།” “ད་ནས་བཟུང་གནས་བབས་འདི་འདྲ་མི་འབྱུང་པ་བྱ་དགོས། གལ་ཏེ་འདི་འདྲའི་སྒྲིག་གཞི་ད་ནས་བཟུང་ལག་བསྟར་ཐུབ་པ་བྱུང་ན། དཀའ་ངལ་ལ་འཕྲད་ཚེ་ཁོ་བོས་གཞོགས་འདེགས་བྱ་ཐུབ་” ཟེར། དེ་དག་ནི་ཏཱ་ལའི་ཡིས་བརྗོད་པའི་དྲང་གཏམ་འགའ་རེད་ལ། “ལས་འཁྱུར་ངལ་གསོ་”ནི“ བོད་རང་བཙན་”གྱི་རྗེས་ཕྱོགས་ཀྱི་གནས་བབས་གཏན་འཇགས་ཡོང་ཆེད་རེད། ཏཱ་ལའི་ཡིས་“ལས་འཁྱུར་ངལ་གསོའི་” མིང་གཡར་ནས་“བོད་རང་བཙན”་གྱི་བྱ་འགུལ་ལ་གཞོལ་ཐབས་ཀྱང་བྱས་མྱོང་ཡོད་དེ། ༢༠༠༨ལོའི་ལྷ་སའི་“༣•༡༤” གཅར་རྡུང་འཕྲོག་སྲེག་གི་ཁྲིམས་འགལ་དོན་རྐྱེན་དང་“བོད་རང་བཙན་” གྱི་ཚོགས་པས་དྲག་སྤྱོད་ཀྱིས་པེ་ཅིན་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་རྒྱལ་ཁབ་ཁག་ཏུ་བསྐྱོད་པར་བཀག་འགོག་བཟོས་རྗེས། ཀྲུང་གོ་མི་དམངས་དང་འཛམ་གླིང་ཡུལ་གྲུ་སོ་སོའི་ཀྲུང་ཧྭའི་སྤུན་ཟླ་དག་གིས་ཏཱ་ལའི་ལ་མགྲིན་གཅིག་ཏུ་རྒོལ་གཏམ་དྲག་པོ་སྤེལ་བས། ཁོ་བོའི“དྲག་སྤྱོད་མ་ཡིན་པའི་” སྤྱོད་ལམ་ལ་འཛམ་གླིང་དྲང་བདེན་གླེང་ཕྱོགས་དག་སོམ་ཉིའི་དྲ་བར་ཚུད་ཡོད། དེང་ཕྱིན། ཏཱ་ལའི་“ལས་འཁྱུར་ངལ་གསོའི” མིང་གིས་དྲག་སྤྱོད་འདི་དག་མ་མཐོང་ཁུལ་བྱས་ཏེ་བསྡད་ཆོག གོ་སྐབས་དེར་བརྟེན་ནས“བོད་རང་བཙན་ ”ཚོགས་པའི་སྟོབས་ཤུགས་ཀྱིས་གང་འདོད་དུ་དོན་དག་ཆེན་པོ་བཟོས་ཆོག་པ་རེད། “བོད་གཞོན་ནུ་ཚོགས་པས”བསམ་འདུན་རྟོགས་པར་གྱུར་ཏེ། ད་ལོའི་ཟླ “༣•༡༠ ཡི་བསྒྲགས་གཏམ་ཁྲོད་”ཏཱ་ལའི་བླ་མ་དང་“བོད་ཡུལ་གྱར་སྲིད་གཞུང་གི་འགོ་ཁྲིད་འོག”ནུས་བ་ཡོད་ཚད་བཏོན་ནས་” “བོད་རང་བཙན་” “ལ་རྒྱལ་ཁ་ལོན་དགོས་ཞེས་སྤེལ་ཡོད་པ་དང་། ཏྰ་ལས་ཀྱང་་”“ལོ་གཞོན་རྣམས་ཀྱིས་བོད་ཀྱི་དྲང་བདེན་བྱ་བ་རྒྱུན་སྐྱོང་པའི་ལྷག་བསམ་དང་སྙིང་སྟོབས་ལ་གོང་བཀུར་བྱ་དགོས་” ཟེར་མོད། ཀྲུང་གོ་སྲིད་གཞུང་གི་མིག་སྔའི་སྟོབས་ཤུགས་དང་སྨྲ་བརྗོད་དབང་ཆའི་འོག་འགྱུར་ལྡོག་འདི་འདྲའི་འོག་ཏུ་ངྷ་རམ་ས་ལའི་ཆབ་སྲིད་སྟོབས་ཤུགས་སྔར་བས་ཁེར་རྐྱང་དུ་ལུས་ཤིང་། ཁོ་ཚོར་རྒྱབ་སྐྱོར་བྱེད་པའི་ཨ་རིའི་སྲིད་གཞུང་དང་ནུབ་ཕྱོགས་ཆབ་སྲིད་སྟོབས་ཤུགས་གཞན་དག་གིས་ཀྱང་ཀུན་སྤྱོད་ལྡན་པའི་སྐད་ཆ་བཤད་ནུས་ཉམས་པར་གྱུར་། ཏཱ་ལའི་ “ལས་འཁྱུར་ངལ་གསོར” “ བཟང་ཆ་” གཞན་པ་ཞིག་ཡོད་པ་ནི། རྗེས་ཕྱོགས་ཁོ་རང་ “ཆོས་ལུགས་ཀྱི་དབུ་ཁྲིད་རྐྱང་མའི་” ངོས་ནས་རྒྱལ་སྤྱིའི་བྱ་འགུལ་གྱི་ཁྱབ་ཁོངས་ཇེ་ཆེར་བཏང་ཆོག་མོད། བྱེད་ཐབས་འདིར་སྤྱོད་སྒོ་ཡོད་མིན་བཤད་དཀའ་སྟེ། རྒྱུ་མཚན་ནི་ཏྰ་ལའི་ཁོ་རང་ཁ་བྲལ་རིང་ལུགས་ཀྱི་ཚོགས་ཁག་དང་ཆབ་སྲིད་སྟེང་ནས་ཁ་བཀར་མི་ནུས་ལ། ཁོའི་ཆེད་དུ་ཀྲུང་གོ་སྲིད་གཞུང་དང་ངོ་ལྡོག་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་ཡོད་པས་སོ། ཀྲུང་གོ་སྤྱི་ཚོགས་ཀྱིས་ཏྰ་ལའི་ “ལས་འཁྱུར་ངལ་གསོ” བྱས་པའི་རྐྱེན་ལས་ཁོའི་ཁ་བྲལ་རིང་ལུགས་ཀྱི་སྤྱོད་ལམ་ལ་ཐེར་འདོན་དང་དགག་རྒྱག་བྱེད་ཤུགས་ལྷོད་མི་སྲིད་ལ། ཀྲུང་གོ་སྲིད་གཞུང་གིས་ཀྱང་ཁོས་རྒྱལ་སྤྱིའི་སྟེང་འཚམས་འདྲི་བྱས་པའི་རྐྱེན་ལས་གུ་ཡངས་གཏོང་མི་སྲིད་པས།ཏྰ་ལའི་ཡིས་ངལ་གསོ་བྱེད་ཐུབ་བམ། དོན་དངོས་ཐོག་ཏཱ་ལའི་ཡིས་ཐེངས་འདིར་བཏོན་པའི་ “ལས་འཁྱུར་ངལ་གསོའི་” སྐོར་གྱི་འདོད་ཚུལ་དག་གིས་ཁོ་རང་ཆབ་སྲིད་བཀོད་སྒྲིག་པའི་གོ་གནས་སྟེང་གཏན་ནས་འབབ་མི་སྲིད་པ་བསྟན་ཡོད་དེ། ན་ནིང་ཟླ༡༢པའི་ཚེས༡༤ཉིན། ཏྰ་ལའི་ཡིས་རྒྱ་གར་གྷ་ལོན་པོ་གསར་འགྱུར་ཁྱབ་སྒྲོག་སྟེང་དུ་ “ངས་བཤད་པའི་ལས་འཁྱུར་ངལ་གསོ་ནི་སྲིད་དོན་སྟེང་གི་ལས་འཁྱུར་ངལ་གསོ་ཡིན་། དུས་རྒྱུན་གྱི་ཚོགས་འདུ་དང་ཚོགས་འདུ་གྲོལ་རྗེས། རྩིས་ཐོ་བཅས་ཀྱི་སྲིད་དོན་ལས་རིམ་སྟེང་། ཏྰ་ལའི་བླ་མ་རང་རྒྱལ་ཁབ་ཞིག་གི་སྲིད་འཛིན་དང་མཚུངས་སྟེ། མིང་ཐོ་འགོད་དགོས་པ་འདུག འདི་ནི་སྒྲིག་སྲོལ་ཞིག་ཏུ་གྱུར་ཡོད། ད་ནི་འདི་དག་ཡོད་ཚད་ལ་འགྱུར་བ་བཏང་ནས་བཙན་བྱོལ་སྲིད་གཞུང་གི་སྡེ་ཚན་ཁག་གིས་འགན་ཁུར་དགོས། ངས་འཆད་ཀྱིན་པའི་ལས་འཁྱུར་ངལ་གསོ་ནི་འདི་འདྲ་ཙམ་ཞིག་ཡིན” ཟེར། ཐེངས་འདིར་ཁོས་གྲོས་ཁང་རྫུན་མར་སྤྲིངས་པའི་འཕྲིན་དུ། ཁོས“ཡུལ་གྱར་སྲིད་གཞུང་གི་རྩ་ཁྲིམས་” བཅོས་སྒྱུར་བྱ་དགོས་ཚུལ་གཙོ་བོར་བསྟན་པ་ལས། ཆོས་སྲིད་ཟུང་འབྲེལ་གྱི་སྒྲིག་གཞི་དང་། ཏྰ་ལའི་བླ་མའི་གོ་གནས། ཆོས་སྲིད་དབང་ཆའི་སྐོར་གྱི་གནད་དོན་གལ་ཆེན་དག་གཞོལ་ཐབས་བྱས་ཡོད་ལ། དེ་ལས་ལྡོག་སྟེ་ “ངས་ནམ་ཡང་ཆོས་སྲིད་སྤྱི་དོན་དག་དོར་མི་སྲིད”པ་ དང་། གནད་དོན་གལ་ཆེན་དང་འཕྲད་ཚེ་“མ་མཐོང་ཁུལ་མི་བྱེད།” ཅེས་བཀོད་འདུག འདི་ནི་དོན་དངོས་ཐོག་ལག་འོག་པ་རྣམས་ལ “རྩ་ཁྲིམས་” ལ་བཅོས་སྒྱུར་བྱས་རྗེས་དེའི་ཁྲོད་དུ་རང་ཉིད་ལ་བར་སྟོང་ཆེན་པོ་ཞིག་འཇོག་དགོས་པའི་བཀའ་བསྒྲགས་པ་ཞིག་རེད། དངོས་ཡོད་ལྟར་ན། ཏཱ་ལའི་རང་གི་འཇུག་ལྡོག་ནི་ཁོས་རང་འདོད་དུ་བཟོས་ཆོག་པ་ཞིག་མིན་ཏེ། ཁོས་དོ་དམ་མ་བྱས་ན། ཁོ་བོའི་རྗེས་སུ་འབྲངས་ནས་ “བོད་རང་བཙན” ལ་བརྟེན་ནས་འཚོ་བ་རོལ་བའི་མི་དེ་དག་གིས་ཅི་བྱ། ན་ནིང་ལོ་མཇུག་ཏྰ་ལའི་ཡིས་ “ཟླ་ངོ་དྲུག་གི་ནང་དུ་གཞི་ནས་ལས་འཁྱུར་ངལ་གསོ་བྱ་རྒྱུ་” ཡིན་ཞེས་བསྟན་རྗེས། ཟླ༡༢པའི་ཚེས༡༠ཉིན། “ཡུལ་གྱར་སྲིད་གཞུང་” གིས་བསྒྲགས་གཏམ་སྤེལ་དོན། “ཏྰ་ལའི་བླ་མས་མུ་མཐུད་དུ་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་ཀྱི་དབུ་ཁྲིད་ཀྱི་འགན་ཁུར་པར་རེ་བ་བྱས་པ་དང་། ” “གྲོས་ཁང་གིས་ཀྱང་ཏྰ་ལའི་བླ་མའི་ལས་འཁྱུར་ངལ་གསོའི་སྐོར་གྱི་སྐད་ཆས་བོད་མི་ཡོངས་ལ་ཟས་ཀྱི་ཡི་ག་མེད་པ་དང་། གཉིད་མི་འོངས་པའི་སེམས་ཁྲལ་ཆེན་པོ་བཟོས་ཡོད་པས། ཏྰ་ལའི་བླ་མ་ནས་ལས་འཁྱུར་ངལ་གསོ་བྱེད་པར་བསམ་གཞིགས་མི་གནང་རོགས་” ཞེས་བསྒྲགས་གཏམ་སྤེལ་བ་དང་། ཏྰ་ལའི་བླ་མས་” “ལས་འཁྱུར་གྱི་སྙན་ཞུ” ཕུལ་བའི་རྗེས་ཀྱི་ཟླ་༣པའི་ཚེས༡༥ཉིན། ཟམ་གདོང་གིས་མྱུར་དུ་གྲོས་ཁང་རྫུན་མའི་གནད་དོན་རིགས་ཏེ། “བོད་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་སྟེང་ཤུགས་རྐྱེན་ཇེ་དམར་འགྲོ་མིན” དང་། “ཕྱི་ནང་བོད་མི་ཡོད་ཚད་ཀྱིས་ཡུལ་གྱར་བོད་མིའི་སྤྱི་ཚོགས་ཁྲིམས་མཐུན་འཐུས་ཚབ་དུ་ངོས་འཛིན་བྱེད་མིན།” “བོད་ཀྲུང་གླེང་མོལ་མུ་མཐུད་དུ་སྤེལ་མིན” “རྒྱལ་ཁབ་སོ་སོའི་རོགས་སྐྱོར་ལ་ཤུགས་རྐྱེན་ཐེབས་མིན་” བཅས་ཀྱི་ཐད་ལ་གྲོས་བསྡུར་ནན་མོ་བྱ་དགོས་བར་སྨྲས། མདོར་ན། ཏྰ་ལའི་མེད་ན། ཤོག་ཁག་འདིར་བཟའ་བཏུང་ཡོད་མིན་ཡང་གནད་དོན་ཞིག་ཏུ་གྱུར་འདུག ཉེ་ལམ་ཏཱ་ལའི་བླ་མ་འཆམ་འཆམ་དུ་འགྲོ་སྐབས་འདི་སྐད། ལོ་༤༠ཡི་སྔོན་ལ་ངས་མོ་བཏབ་པ་ལས་ང་རང་ལོ༡༡༣ལ་འདུག་ཐུབ་པ་བབ་འདུག ལོ་ངོ༡༠༠ཡི་སྔོན་དུ་བོད་ཡིག་གི་དཔེ་ཆའི་ནང་དུ་དེང་གི་འཛམ་གླིང་སྟེང་ལོ་༡༡༣ལ་ལོན་ཐུབ་པའི་མི་ཞིག་ཡོད། མི་དེ་ང་ཡིན་སྲིད་ཅེས་བཤད་བྱུང་། དེར་བལྟས་ན་“རྒྱ་གར་གྱི་བུ་ཕྲུག”ཐད་ནས་ཏཱ་ལའི་ཡིས་མུ་མཐུད་ནས་དུས་ཡུན་ཞིག་གི་རིང་འཁྲབ་རྩིས་ཡོད་པ་རེད། ཡིན་ན་ཡང་ད་ལྟ་མི་རྣམས་ཀྱིས་དོ་སྣང་བྱེད་པ་ནི་ཏཱ་ལའི་ཉིད་ད་ལོར་“ལས་འཁྱུར་ངལ་གསོ་”བྱེད་པའི་ཟློས་གར་དེ་ཅི་ལྟར་མཇུག་བསྡུ་རྒྱུ་ཡིན་པ་དེ་ཡིན་ནོ། །