གྲྭ་འཇམ་དབྱངས་སྦྱིན་པ་འདས་གྲོངས་ཕྱིན་པ།

jamyang-jinpaའཇམ་དབྱངས་སྦྱིན་པ་ལགས་ནི་རང་ལོ་༣༧ ཡིན་ཞིང་ཨ་མདོ་བླ་བྲང་བསང་ཁོག་ནས་ཡིན་པ་རེད། ཕ་མིང་ལ་བློ་བཟང་དང་མ་མིང་ལ་ཚེ་ལོ་ཞུ་གི་ཡོད་པ་དང། ཁྱིམ་དུ་ཁྱོན་ཕྲུ་གུ་བཞི་ཡོད་པ་རེད། ཁོང་༡༩༩༣ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇ་བོད་ཁྱིམ་དུ་སློབ་གཉེར་བྱེད་མྱོང་ཡོད་ཅིང་ཕྱི་ལོ་༡༩༩༦ ལོར་བོད་དུ་ཕྱིར་ལོག་བྱས་རྗེས་བླ་བྲང་བཀྲིས་འཁྱིལ་དགོན་པའི་སྨན་པ་གྲྭ་ཚང་ཁོངས་སུ་ཞུགས་ནས་དབྱིན་སྐད་ཕྲན་བུ་ཤེས་པར་བརྟེན། དགོན་པའི་ནང་ཕྱི་ཕྱོགས་ནས་གནས་སྐོར་བ་སོགས་ཡོང་སྐབས་སྣེ་ཤན་པའི་ལས་ཀ་བྱེད་མྱོང་ཡོད་འདུག

ཕྱི་ལོ་༢༠༠༨ ཟླ་༤ ཚེས་༩ ཉིན་བླ་བྲང་དགོན་པའི་དགེ་འདུན་པ་ཁག་ཅིག་གིས་རྒྱལ་སྤྱིའི་གསར་འགོད་པའི་མདུན་དུ་སྐད་འབོད་བྱས་རྗེས་ཁག་ཅིག་བྲོས་བྱོལ་དུ་སོང་ཡང་ཁོང་ཉེན་གཡོལ་དུ་མ་སོང་བར་བརྟེན། རྒྱ་མིའི་ཉེན་རྟོག་པས་ཁོང་ལ་ཉེས་རྡུང་ཚབས་ཆེན་བཏང་སྟེ་རྐང་ལག་བཅགས་ཡོད་འདུག ཉིན་བཅུ་ཙམ་རིང་ཚ་འདྲི་དང་ཉེས་རྡུང་བཏང་རྗེས་ནང་མིར་རྩིས་སྤྲོད་བྱས་ཡོད་པ་རེད། དེ་ནས་ལོ་ངོ་གསུམ་མ་ཟིན་ཙམ་རིང་ཕ་མ་སྤུན་མཆེད་ཚོས་སྨན་བཅོས་གང་ཡོང་བྱས་ཀྱང་ལུས་པོ་གཅོང་ཅན་བཟོས་ཡོད་སྟབས། སྨན་བཅོས་ཀྱིས་མ་ཕན་པར་ཟླ་འདིའི་ཚེས་༣ ཉིན་གྱི་སྔ་དྲོ་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།།

{jcomments on}