བཞི་བཅུ་བཞི་ཡུལ་ཤུལ་ས་ཡོམ་གྱི་རྗེས་དྲན་《བརྩེ་ཆེན་འོད་ཀྱི་མདུད་པ》
མཚོ་སྔོན་རླུང་འཕྲིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་གཞུང་དང། མཚོ་སྔོན་ཞིང་ཆེན་རྒྱང་སྒྲོག་གློག་བརྙན་ལས་ཁུངས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས། མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། མཚོ་སྔོན་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་འབྲེལ་གྱིས་བཞི་གཅིག་བཞི་ཡུལ་ཤུལ་ས་ཡོམ་ཆེན་མོ་བྱུང་ནས་ལོ་གཅིག་འཁོར་བའི་རྗེས་དྲན་དགོང་ཚོགས་《བརྩེ་ཆེན་འོད་ཀྱི་མདུད་པ》 ཞེས་པ་འཁྲབ་སྟོན་བརྙན་ཕབ་བྱས་ཡོད་འདུག
དགོང་ཚོགས་ཀྱི་ནང་དོན་ནི། དྲིན་གཟོ་དང་འབད་འཐབ། རེ་སྨོན་བཅས་ཁག་གསུམ་དབྱེ་སྟེ། ཐོག་མར་གདུང་སེམས་མཉམ་བསྐྱེད་ཀྱིས་ཕྱིར་དྲན་དང། བར་དུ་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ། མཐའ་མར་ཡིད་ཆེས་ཀྱིས་མ་འོངས་པའི་འཚོ་བར་རྒྱང་ལྟ་བྱེད་པ་བཅས་ཡིན་པ་རེད། དགོང་ཚོགས་དེའི་ཐོག་བོད་ཀྱི་སྙན་གྲགས་ཅན་གྱི་གཞས་པ་གཡའ་དྭངས་དང། ཨ་ཅག་ཚན་སྡེབ། གངས་བཞུགས། སྒྲོལ་མ་སྐྱབས། ཀུན་དགའ། རིག་འཛིན་སྒྲོལ་མ། དབྱངས་ཅན་ལྷ་མོ་སོགས་མཉམ་ཞུགས་བྱས་ཡོད་པ་རེད། དགོང་ཚོགས་དེ་ཟླ་འདིའི་ཚེས༡༤ ཉིན་མཚོ་སྔོན་བོད་སྐད་རྒྱང་སྒྲོག་དང། མཚོ་སྔོན་བོད་སྐད་བརྙན་འཕྲིན། ཟི་ཁྲོན་ཁམས་པའི་བརྙན་འཕྲིན་བཅས་ཀྱི་འཕྲིན་ལམ་ནས་སྟོན་རྒྱུ་ཡིན་པ་རེད།།
{jcomments on}