གང་མགྱོགས་སྐུད་མེད་དྲ་འབྲེལ་འཛུགས་འཆར།
ཚོང་ལས་དཔལ་འབྱོར་ལ་ཆེད་དམིགས་ཁུལ་དེར་མྱུར་ཚད་མགྱོགས་པའི་དྲ་འབྲེལ་མཐུན་རྐྱེན་བསྐྲུན་རྒྱུའི་འཆར་གཞི་ལྟར་ཟླ་འདིའི་ཚེས་༨ ཉིན་ཕན་ཚུན་བར་གན་རྒྱ་བཞག་ཡོད་པ་རེད།
འདི་ལྟར་ལས་འཆར་དེ་ལེགས་འགྲུབ་བྱུང་བ་ཡིན་ན་བལ་ཡུལ་ལ་ལོ་ལྟར་མཚམས་མ་ཆད་པར་ཡོང་བཞིན་པའི་ཡུལ་སྐོར་བ་དང་། ལྷག་པར་ཕྱི་ལོ་ ༢༠༡༡ བལ་ཡུལ་གྱི་ཡུལ་སྐོར་ལོར་ཡུལ་སྐོར་བ་དང་། དེ་འབྲེལ་ཚོང་ལས་དཔལ་འབྱོར་ཆེད་སྡོད་ཁུལ་དེར་སྟབས་བདེ་དང་ཚད་ལྡན་དེང་རབས་ཅན་གྱི་དྲ་འབྲེལ་ཆ་རྐྱེན་བསྐྲུན་ཐུབ་པ་ཡིན་པའི་ཕན་ཐོགས་ཆེན་པོ་ལྡན་པ་ཡོད་པ་རེད།
དེ་ནི་དེང་སང་ས་ཁུལ་དེའི་མགྲོན་ཁང་དང་ཟ་ཁང་མང་ཆེ་བར་ཡོད་པའི་སྐུད་མེད་དྲ་འབྲེལ་ལས་ཚད་ལྡན་དང་མྱུར་ཚད་མགྱོགས་པོ་ཡོད་པ་མི་རིང་བའི་ཟླ་ཁ་ཤས་ནས་འགོ་འཛུགས་བྱེད་ཐུབ་རྒྱུ་ཡིན་པ་སོགས་ས་གནས་ཡུལ་སྐོར་ལས་ཁུངས་ཀྱི་འགན་འཛིན་ Shrestha ནས་བརྗོད་ཡོད་པ་རེད།
དེ་ལྟར་སྔོན་འཆར་ལྟར་ན་དྲ་འབྲེལ་དེ་ཤར་གཏོང་བྱས་རྗེས་ཆུ་ཚོད་གཅིག་ལ་ཨ་སྒོར་གཅིག་ཙམ་བྱེད་རྒྱུ་ཡིན་པ་དེ། བལ་ཡུལ་རྒྱལ་ནང་དུ་བྱུང་བའི་ཚད་ལྡན་སྐུད་མེད་དྲ་འབྲེལ་ས་གནས་ཐོག་ལ་དེ་ཆགས་རྒྱུ་ཡིན་པ་རེད།།
བལ་ཡུལ་གསར་འགོད་པས།
{jcomments on}