བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ལེགས་གྲུབ།

ཟིན་བྲིས་དེའི་ནང་༧གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་དོན་ཚན་༣༩ ཙམ་ཡོད་པ་ཚང་མ་བསྐྱར་བཅོས་ཀྱིས། སྐུ་དབང་དེ་དག་ཡང་ན་སྤྱི་འཐུས་ཚོགས་གཙོ་དང། ཡང་ན་བཀའ་བློན་ཁྲི་པ། ཡང་ན་སྤྱི་འཐུས་རྒྱུན་ལས་བཅས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྒྲིག་འཛུགས་སོ་སོར་ཆ་བགོས་ཀྱིས་བསྐྱར་བཅོས་ཞུས་ཡོད་ཅེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གསར་འགོད་པ་ཚོར་འགྲེལ་བརྗོད་གནང་ཡོད་པ་རེད།

བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་དེའི་ནང་དུ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་དབུ་ཁྲིད་པའི་མི་སྣ་ལྔ་ལས་གྲུབ་པའི་ཞིག་ཡོད་ཅིང། ཚེས་༩ ཉིན་ནས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ལེགས་པར་གྲུབ་ཡོད་པ་རེད། ཚེས་༡༡ ཉིན་སྤྱི་འཐུས་ཚོགས་གཙོ་བཞུགས་མེད་སྟབས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་དབུ་ཁྲིད་དེ་ཟིན་བྲིས་དེ་དག་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཡོད་པ་རེད།།

{jcomments on}