བཅའ་ཁྲིམས་བསྐྱར་བཅོས་ཐོག་མི་མང་གི་བསམ་ཚུལ་ཉན་པ།

pepa tserin soth1
གྲོས་ཚོགས་ཀྱི་གྲོས་ཆོད་དགོངས་དོན་བཞིན་བཙན་བྱོལ་བོད་མའི་བཅའ་ཁྲིམས་བསྒྱུར་བཅོས་ཟིན་བྲིས་བྱས་ཇི་ལྟར་བྱུང་ཡོད་མེད། ༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ཆེའི་མཐོའི་ཁྲིམས་ཞིབ་པ་ཁང་དང་། བོད་མི་མང་སྦྱི་འཐུས། བཀའ་བློན་ཁྲི་བ་བཅས་ལ་ཇི་ལྟར་བགོ་བཤའ་བྱས་ཡོད་མེད་དང་། ད་དུང་སྔོན་གླེང་དང་། དེ་མིན་༸གོང་ས་མཆོག་གི་སྐོར་ལ་དོན་ཚན་གསར་སྣོན་བྱེད་ཐབས་བྱས་ཡོད་སྐོར་སོགས་བཅའ་ཁྲིམས་ཀྱི་དོན་ཚན་རེ་རེ་བཞིན་འགྲེལ་བརྗོད་བྱས་ནས། མི་མང་གིས་གནས་ཚུལ་དེ་དག་ལ་ཐུགས་སྣང་དང་ཞིབ་འཇུག་གནང་ནས་བསམ་ཚུལ་གང་ཡོད་ཤེས་འདོན་ཡོད་ཅེས་བརྗོད་གསུང་སོང་། ཁོང་གི་གཏམ་བཤད་གནང་རྗེས་མི་དང་དྲི་བ་དྲིས་ལན་བྱས་ཡོད་པ་རེད། གཞན་ཡང་ཀོ་ལེ་གྷལ་དང་ཧོན་སུར། བྷེང་ལོར་བཅས་ཀྱི་བོད་མི་མང་ཚོགས་རྣམས་ལ་ཡང་བཀའ་སློབ་དེ་ལྟར་གནང་ནས་སྐོར་བསྐྱོད་བྱས་ཡོད་འདུག མེ་སོར་གསར་འགོད་པས།