ཨ་མདོ་རྔ་པ་རུ་ད་དུང་མི་འཇུ་བཟུང་བྱེད་ཀྱི་འདུག

ཕྱི་ཚེས་ ༡༢ ཉིན་མི་མང་དང་དམག་དཔུང་གདོང་ཐུག་སྐབས་མི་མང་ལ་རྡུང་རྡེག་དང་སྦྱོང་བརྡར་སྤྲད་པའི་ཁྱིས་རྨུག་བཅུག་པའི་གནས་ཚུལ་བྱུང་ཡོད་ལ། སྐབས་དེར་ཁྱིས་རྨུག་པའི་ལོ་ན་༦༠ ཡོལ་བའི་ཨ་མ་རྒན་མོ་གཉིས་ལ་རྨས་སྐྱོན་ལྕི་མོ་བཟོས་རྐྱེན། ད་ཆ་རྫོང་སྨན་ཁང་དུ་ཉལ་ཡོད་འདུག

ཕྱི་ཚེས་༡༣ ཉིན་རྒྱ་གཞུང་གིས་བརྗོད་དོན་དགོན་པའི་ནང་ཡོད་པའི་ལས་དོན་རུ་ཁག་གིས་ལས་ཀ་མཇུག་མ་རྫོགས་བར་དུ། གནད་དོན་ག་རེ་ལ་ཐུག་ན་ཡང་གྲྭ་པ་གཅིག་ཀྱང་ཕྱི་ལ་ཐོན་མི་ཆོག་ཚུལ་དང་། ལས་མཇུག་མགྱོགས་པོར་རྫོགས་མིན་གྲྭ་པ་ཚོས་སློབ་གསོ་དང་ལེན་བྱེད་མིན་ལ་རག་ལས་ཚུལ་བརྗོད་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་རྔ་པ་རང་སྐྱོང་ཁུལ་གྱི་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགོ་ཁྲིད་དང་དགེ་འདུན་པ་ཉུང་ཤས་ལྷན་དུ་ཚོགས་འདུ་འཚོགས་ཡོད་པ་དང་། སྐབས་དེར་དགེ་འདུན་པ་རྣམས་ཀྱིས་ས་གནས་ས་ཐོག་གི་དངོས་ཡོད་ཀྱི་དཀའ་ངལ་ག་རེ་ཡིན་མིན་འགྲེལ་བརྗོད་དང་ལྷག་པར་དུ། རྔ་པ་ཀིརྟིའི་དགོན་གྱི་སློབ་གྲྭ་སྒོ་བརྒྱབ་པ་སོགས་ཀྱི་གནད་དོན་མང་པོ་ཞིག་གླེང་ཡང་ཚུར་ལན་འདེབས་གང་ཡང་བྱས་མེད་འདུག

ཕྱི་ཚེས་༡༥ ཉིན་སྔར་བཞིན་རྔ་པ་རྫོང་དང་ལྷག་པར་ཀིརྟིའི་དགོན་པར་དམ་བསྒྲགས་ཤུགས་ཆེ་བྱེད་མུས་ཡིན་པ་མ་ཟད། ཉིན་དེར་དགེ་འདུན་པ་ཁག་ཅིག་འཛིན་བཟུང་གིས་བཀག་ཉར་བྱས་པའི་གནས་ཚུལ་ཐོན་ཡང་། ཁོང་ཚོའི་མིང་དང་ས་གནས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མ་བྱུང་། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༥ ལ།

{jcomments on}