བོད་ནང་ལ་གདུང་སེམས་མཉམ་བསྐྱེད།

སྨོན་ལམ་འདུ་འཛོམས་དེར་སེར་སྐྱ་མི་མང་ཉིས་ལྷག་ཙམ་འབྱོར་ཡོད་པ་དང་། ཚོགས་ཐོག་ཏུ་གང་ལྗོངས་རང་བདེན་གྱི་ཚོགས་གཙོ་བློ་བཟང་དཔལ་ལྡན་ལགས་ཀྱིས། ང་ཚོས་དེ་རིང་ལོ་འདིའི་ནང་ཉི་ཧོང་གིས་གཙོས་པའི་འཛམ་གླིང་ནང་གི་མང་ལ་དཀའ་སྡུག་མང་པོ་བྱུང་ཡོད་པ་དང་། ལྷག་པར་བོད་ནང་གི་རྔ་བ་ཁུལ་གྱི་སྤུན་ཟླ་དག་གི་གནས་སྟངས་ངོ་ཤེས་པའི་ཐོག་ནས། རྒྱལ་ཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱི་སྙིང་སྟོབས་ལ་ཡི་རངས། རྔ་བ་ཁུལ་གྱི་གཞིས་ལུས་སྤུན་ཟླ་རྣམས་ད་ལྟའི་གནས་བབ་དཀའ་སྡུག་དང་། ཡ་ང་། ཛ་དྲག་བཅས་ཀྱི་འོག་ཡོད་བཞིན་པར་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་ཡིན་ཞེས་དང་། ང་ཚོས་བོད་ནང་གི་སྤུན་ཟླ་ཚོས་རང་ལུས་མེར་སྲེག་གིས་བོད་དོན་ལས་འགུལ་སྤེལ་ཐུབ་ཀྱི་ཡོད་པ་རེད་ལ། རྒྱ་དམག་གི་མེ་མདའ་ཡི་ཁ་གཏད་དུ་ལངས་ནས་བོད་དོན་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་ཐུབ་ཀྱི་ཡོད་པ་རེད། འོན་ཀྱང་། ང་ཚོ་འདིར་རང་དབང་ལུང་པར་སྐར་མ་གཉིས་གསུམ་གྱི་ལམ་དུ་བོད་དོན་ལས་འགུལ་ཆེད་སྨོན་ལམ་ཙམ་འདོད་དུ་ཡོང་ཐུབ་ཀྱི་ཡོད་པ་མ་རེད། ད་དུང་སེམས་ཚོར་མེད་པ་བཞིན་བསྡད་ཡོད་པ་རེད། གནས་ཚུལ་འདི་དག་བློ་ཕམ་གྱི་གནས་རེད། གལ་ཏེ་ལྟན་མོ་ཞིག་སྟོན་གྱི་ཡོད་ན་མི་མང་གིས་སྒོར་བརྒྱ་ཉིས་བརྒྱ་སྤྲད་ནས་འདི་ལས་ལྡབ་བཅུ་ལྷག་འཛོམས་ཀྱི་རེད། གནས་ཚུལ་འདི་ལྟར་བྱས་ན་བློ་ཕམ་གྱི་གནས་རེད་ཅེས་གསུང་བཤད་གནང་སོང་། སྦེལ་ཀོབ་གཞིས་ཆགས་ནི་བཙན་བྱོལ་ནང་གི་མི་ཚོགས་མང་ས་ཞིག་དང་། འཁྲུག་ཆ་དོད་པོའི་གཞིས་ཆགས་སྐད་གྲགས་ཅན་ཞིག་ཡིན་པ་དང་། ནམ་རྒྱུན་གླུ་གཞས་དང་། ལྟད་མོ་འཁྲབ་སྟོན། ཟས་རིགས་མགྲོན་སྟོན་སོགས་ག་འདྲ་ཞིག་གི་ནང་ལ་ཡིན་ཡང་། སྒོར་༡༥༠ ནས་ ༣༠༠ ཅན་གྱི་འཛིན་བྱང་ཉོས་ནས་མི་མང་སྟོང་ཕྲག་འདུ་འཛོམས་བྱེད་ཀྱི་ཡོད་ན་ཡང་། མར་མེ་ཁྲོམ་སྐོར་ལྟ་བུའི་བོད་དོན་ལས་འགུལ་ཁག་ལ་རྒྱུད་སྐུལ་དང་རེ་འབོད་ཇི་ལྟར་བྱས་ཀྱང་མི་མང་༣༠༠ ཙམ་ཡང་འདུ་འཛོམས་བྱེད་རྒྱུ་ཁག་པོར་འགྱུར་ཡོད་པ་རེད། །
མེ་སོར་གསར་འགོད་པས།

{jcomments on}