གདུང་སེམས་མཉམ་བསྐྱེད་ཆེད་མར་མེའི་ཁྲོམ་སྐོར།

དེ་ཡང་མར་མེ་ཁྲོམ་སྐོར་ནང་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱིས་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་གཙོས་གཞིས་གྲོང་ཁག་དགུའི་མི་མང་ཧ་ཅང་ཕོན་ཆེན་མཉམ་ཞུགས་བྱས་ཡོད་པ་དང་།  ཐོག་མར་གོ་སྒྲིག་པ་མོན་གྷོ་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དཔལ་མོ་ལགས་ཀྱིས་དབུས་བོད་མེད་ལྷོན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང་སྦྲགས། bodkyi bume2011  4  13 ཟླ་སྔོན་མའི་ཕྱི་ཚེས་༡༦ ནས་བཟུང་མུ་མཐུད་ནས་བོད་ནང་རྔ་བ་ཁུལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་དང་།  ལྷག་པར་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱི་བོད་བསྟན་སྲིད་མི་རིགས་དང་བཅས་ཀྱི་ཆེད་དུ་གཅེས་པའི་ལུས་སྲོག་བློས་བཏང་གནང་བར་བརྟེན།  ད་ལྟ་ས་ཁུལ་དེའི་བོད་མི་ཚོར་རྒྱ་གཞུང་གིས་ཚད་ལས་བརྒལ་བའི་ཉེས་རྡུང་དང་ཁྲིམས་ཆད་ཚབས་ཆེན་གཏོང་བཞིན་ཡོད་པའི་སྐོར་ལ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གསུང་འཕྲིན་བཀོད་ཁྱབ་གནང་འབྱོར་བཞིན་འདི་ལྟར་མར་མེ་ཁྲོམ་སྐོར་གོ་སྒྲིག་ཞུས་པ་ཡིན་ཞེས་བརྗོད་སོང་།

 

མོན་གྷོ་གསར་འགོད་པས།

{jcomments on}