གནམ་གྲུ་བརྡབ་སྐྱོན་སྐབས་སྤྱི་འཐུས་ཤིག་སྲོག་ཉེན་ལས་ཐར་བ།

འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན། དེའི་ནང་དུ་བོད་མི་གཅིག་ཡོད་པ་ནི་བོད་མི་མང་སྤྱི་འཐུས་ལས་ཐོག་བདེ་བ་ཚང་རྡོ་རྗེ་དབང་འདུས་ཡིན་འདུག ཐད་འཕུར་གནམ་གྲུ་ལ་སྐྱོན་ཤོར་ནས་ས་ལ་ལྷུང་སྐབས། ཁོང་མཐོ་ཚད་མི་ཊར་༡༥ ཙམ་ནས་གནམ་མཆོངས་བརྒྱབ་ཡོད་པས་རྐྱེན་ངན་ལས་ཐར་ཡོད་རུང། ད་ལྟའི་སྐབས་ངོ་གདོང་སོགས་ལ་རྨས་སྐྱོན་ཅུང་ཟད་ཕོག་ཡོད་པས་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་རེད།

དེ་མིན་གྱི་འགྲུལ་པ་རྣམས་རྒྱ་གར་བ་ཤ་སྟག་ཡིན་པ་དང། རྐྱེན་ངན་ལས་ཐར་བའི་མི་དྲུག་པོ་ལ་རྨས་སྐྱོན་ཚབས་ཆེ་ཆུང་འདྲ་མིན་བྱུང་ནས་ད་ལྟའི་སྐབས་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང། རྐྱེན་ལམ་དུ་སོང་བ་རྣམས་ཀྱི་ནང་ནས་ཕྲུ་གུ་དང་བུད་མེད་དེ་མིན་གྱི་ཚོང་པའི་རིགས་ཡོད་པ་རེད། ས་གནས་ཉེན་རྟོག་པས། ཐད་འཕུར་གནམ་གྲུ་དེ་ས་འབབ་གྲབས་བྱེད་སྐབས་གློ་བུར་དུ་འཕྲུལ་རིགས་ལ་སྐྱོན་ཤོར་ནས་མེ་འབར་ཡོད་པ་དང། ས་ལ་ལྷུང་རྗེས་སུ་ཡུལ་མི་ཚོས་སྐྱོབ་ཐབས་སུ་ཛ་དྲག་གིས་ལས་འགུལ་སྤེལ་ཡང། རྐྱེན་ལམ་དུ་སོང་བ་རྣམས་ཀྱི་ཕུང་པོ་ངོ་ཤེས་པ་ཙམ་ལས་གཞན་མྱུར་སྐྱོབས་བྱ་ཐབས་མེད་པ་ཆགས་འདུག་ཅེས་གསར་ལམ་ཁག་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།།

{jcomments on}