རྙེད་སོན་བྱུང་བའི་སྒོར་ས་ཡ་དགུ་དང་རྡོ་རྗེ་ཕ་ལམ།
བལ་ཡུལ་གྱི་གསར་ལམ་ཁག་ཅིག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་ཤས་གོང་ལོ་ན་ ༢༠ ཙམ་ཡིན་པའི་བུད་མེད་ཨ་ནུ་ཧ་བྷ་ནི་ཡ་བལ་ཡུལ་རྡ་རཱན་ལ་སྐྱོད་བཞིན་པའི་སྐབས། སྤྱི་སྤྱོད་རླངས་འཁོར་ནས་བདག་མེད་རྒྱབ་ཁུག་གཅིག་རྙེད་སོན་བྱུང་ཡོད་པ་དང་། སྐབས་དེར་རྒྱབ་ཁུག་དེར་བདག་པོ་གང་ཡང་མེད་པར་བརྟེན། རིམ་པས་དོ་བདག་ལ་སྤྲོད་ཐུབ་པ་བྱེད་རྒྱུའི་ཆོད་སེམས་བཅངས་ནས་རང་ཁྱིམ་དུ་འབྱོར་སྐབས་ཁོ་མོས་རྒྱབ་ཁུག་ནང་བདག་པོར་འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་སམ། ཁ་བྱང་སོགས་ཡོད་མེད་བལྟ་སྐབས། རྒྱབ་ཁུག་ནང་བལ་སྒོར་ས་ཡ་དགུ་ལྷག་དང་། རྡོ་རྗེ་ཕ་ལམ་གྱི་སྐེ་རྒྱན་སོགས་ཅ་དངོས་ཡོད་པ་གློ་བུར་ཡིད་མི་ཆེས་པ་དང་ཧང་སང་ཡོད་འདུག འོན་ཀྱང་ཁོ་མོའི་རེ་བ་བཞིན་སྟབས་ལེགས་པ་ཞིག་ལ་རྒྱབ་ཁུག་ནང་བདག་པོའི་ཁ་པར་ཨང་གྲངས་སོགས་ཡོད་པར་བརྟེན། དེ་མ་ཐག་ཁོ་ལ་ཁ་པར་བཏང་ནས་རྩད་གཅོད་ཡག་པོ་བྱས་མཐར་སྒོར་དང་རྡོ་རྗེ་ཕ་ལམ་ཆ་ཚང་ཕྱིར་སྤྲད་ཡོད་འདུག།
དེ་མ་ཐག་དོ་བདག་ལ་ཡང་ཡིད་མི་ཆེས་བའི་སེམས་འགུལ་ཆེན་པོ་ཐེབས་ནས། བུ་མོ་དེར་བལ་སྒོར་འབུམ་གཉིས་ཐུགས་རྗེ་ཆེ་ཞུ་ཆེད་སྤྲད་ཡོད་ནའང། ཁོ་མོས་བླངས་མེད་པ་དང་། རྗེས་སུ་རྡོ་རྗེ་ཕ་ལམ་གྱི་སྐེ་རྒྱན་སྤྲོད་ཐབས་བྱས་ཀྱང་བུ་མོ་དེས་བླངས་མེད་པ་རེད་འདུག།
ཁོ་མོས་རྩད་ཆོད་རྩིས་སྤྲོད་བྱས་པ་ལྟར་ཅ་དངོས་བདག་པོ་དེ་རྒྱལ་ས་ཀཱ་ཐན་མན་གྲུར་གནས་སྡོད་བྱེད་མཁན་ལོ་ན་༦༥ ཅན་པཱོ་དྷིལ་ཞེས་པ་ཡིན་པ་དང་། དངུལ་དངོས་དེ་ཚོ་ནི་ཁོང་གི་བུ་མོར་ཁང་པ་ཉོ་ཆེད་གྲ་སྒྲིག་བྱས་པའི་སྒོར་མོ་ཡིན་འདུག་ལ། བོར་བརླག་བྱུང་བ་ནས་དེང་གི་སྤྱི་ཚོགས་འདིར་ཕྱིར་རྙེད་སོན་ཡོང་རྒྱུའི་རེ་བ་བརླག་པ་དང་། དེང་སྐབས་མི་འདི་འདྲ་ཡག་པོ་ཡོད་པ་ཡིད་མི་ཆེས་བ་དང་དཔེ་སྟོན་མི་སྣ་རེད་ཅེས་བརྗོད་འདུག། ཅ་དངོས་རྙེད་སོན་མཁན་བུ་མོ་དེ་ནི་བལ་ཡུལ་Bhojpur ཞེས་པའི་མི་དང་ཉེ་བའི་ཆར་ཁོ་མོའི་གཉེན་ཉེ་དང་མཉམ་དྷ་རན་ས་གནས་སུ་བསྡོད་ཡོད་འདུག།
བལ་ཡུལས་གནས་་གསར་འགོད་པས།