རྒྱ་ཡོངས་ཚོགས་ཆེན་གྱི་ངོ་བོ་དང་གྲུབ་ཆ།།
དངོས་གནས་རྒྱལ་ཡོངས་ཚོགས་ཆེན་གྱི་ཕྱི་ཡི་རྣམ་པ་དང་དོན་དངོས་ཀྱི་ངོ་བོ་གྲུབ་ ཐུབ་པའི་ཚོགས་ཆེན་ཞིག་ཚོགས་དགོས་ཀྱི་ཡོད་ན་མི་མང་གང་མང་ཚོགས་ཆེན་ནང་ཞུག་ ཏེ་་བསམ་ཚུལ་གང་མང་སླེབས་ཐབས་གནང་དགོས་པ་ནི་ཚོགས་ཆེན་གྱི་ངོ་བོ་ངོ་མ་དེ་ རེད། ཡིན་ན་ཡང་དེ་ལས་ཟློག་ཏེ་མི་མང་མེད་པའི་ཚོགས་ཆེན་འདི་བཞིན་ཕྱོགས་ལྷུང་དཔུང་ སྒྲིགས་ཅན་གྱི་ངོ་བོ་ཆགས་མི་སྲིད་པ་མ་རེད། དེ་ཡང་བོད་སྤྱི་པའི་རྩ་དོན་དང་བཞིས་ལུས་བོད་མིའི་བདེ་སྡུག་ཐོགས་གཏམ་གླེང་ གི་ཕྱོགས་ཙམ་མེད་པ་རང་ཕྱོགས་ཀྱི་གཏམ་ཐོགས་འགྲོ་ཐབས་ཙམ་གྱི་རྒྱལ་ཡོངས་ཚོགས་ ཆེན་གྱི་གྲུབ་ཆ་ལོང་གི་ཡོད་པ་ལ་ཚོད་དཔག་ཐུབ་ཡ་ཞིག་མ་རེད། གང་ལྟ་དེ་བསྔོན་ཚོགས་ཆེན་ཟེར་བ་ཐེང་ཁ་ཤས་ཚོགས་ཡོད་ཀྱང་མི་མང་གི་བསམ་ཚུལ་ གྱི་ཕྱོགས་ཙམ་སླེབས་མེད་པ་རེད། ཚོགས་ཆེན་ནང་གང་བཤད་པ་དེ་ཆབ་སྲིད་པ་འགའ་ཡི་བཤད་ཚུལ་ཙམ་ཡིན་པ་རེད་འདུག ད་ལེན་དོན་དངོས་དང་མཐུན་པའི་རྒྱལ་ཡོངས་ཚོགས་ཆེན་ཞིག་ཚོགས་ན་ང་ཚོ་མང་ཚོགས་ ནས་ཡང་དངོས་བྱུང་གི་གནས་ཚུལ་འགའ་དང་མ་འོངས་བྱེད་ཕྱོགས་བསྐོར་ལ་བསམ་འཆར་ཞུ་ རྒྱུ་ཡོད།
བོད་དོན་བག་ཡོད།