༸པན་ཆེན་འཁྲུངས་སྐར་སྐབས་ཟས་བཅད་ངོ་རྒོལ།

ཁོང་ཚོས་སྤེལ་བའི་བསྒྲགས་གཏམ་ནང་རྒྱ་ནག་གཞུང་ལ་དོན་ཚན་དྲུག་ཅན་གྱི་དགོས་འདུན་ཞིག་བཏོན་འདུག་པ། ༡ ༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ད་ལྟ་གར་ཡོད་གསལ་པོ་བཟོ་དགོས། ༢ ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་ལྷན་རྒྱས་མགྱོགས་མྱུར་གློད་བཀྲོལ་ཡོང་བ་དང་། ཁོང་ཉིད་ཀྱི་གསན་བསམ་སློབ་གཉེར་གནང་རྒྱུའི་ཐོབ་ཐང་དགོས་རྒྱུ། ༣ ༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གདན་ས་བཀྲ་ཤིས་ལྷུན་པོའི་གསེར་ཁྲིར་མངའ་གསོལ་ཞུ་རྒྱུར་ཆོས་ཕྱོགས་ཀྱི་ཁེ་དབང་ལ་བཀག་འགོག་བྱེད་མི་ཆོག

༤ བྱ་བྲལ་རིན་པོ་ཆེ་དང་ཆབ་སྲིད་ཀྱི་ཉེས་མིང་སྣ་ཚོགས་འོག་བཙོན་འཅུག་བྱས་པའི་བོད་རིགས་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གྱིས་སྔར་རྒྱུན་གནང་སྒོ་ཁག་གི་ཐོབ་ཐང་མུ་མཐུད་འབུལ་དགོས། ༥ རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་ནང་ཡོད་པའི་བོད་མི་རྣམས་༸གོང་ས་མཆོག་དང་མཇལ་འཕྲད་ཀྱི་གོ་སྐབས་གནང་དགོས། ༦ བཀྲས་ལྷུན་དགོན་པའི་སྐུ་ཚབ་དང་། བར་གནས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་སྐུ་ཚབ་བཅས་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐུ་ཕྱའི་གནས་སྟངས་ལ་རྟོག་ཞིབ་མཇལ་འཕྲད་ཞུ་བར་གཏོང་དགོས། ཞེས་འཁོད་འདུག །

མེ་སོར་གསར་འགོད་པས།