མི་མང་གིས་འོས་འདེམས་བྱུང་བའི་བཀའ་ཁྲི་བློ་བཟང་སེང་གེ།

ཐེངས་འདིར་མི་མང་ཁྲོད་འོས་བསྡུའི་དེབ་སྐྱེལ་བྱེད་མཁན་༨༣༣༩༩ བྱུང་ཡོད་པ་དང། དངོས་སུ་འོས་འཕེན་མཁན་༤༩༡༨༤ བྱུང་ཡོད་པས། སྤྱིའི་དེབ་སྐྱེལ་བྱེད་མཁན་གྱི་ནང་ནས་འོས་འཕེན་མཁན་བརྒྱ་ཆ་༥༨༌༩༧ ཆགས་ཡོད་པ་རེད།

election_27_4_2011དེ་ཡང་ཕྱི་ཟླ་༣ ཚེས་༢༠ ཉིན་བཙན་བྱོལ་བོད་མིའི་ས་གནས་ཁག་ནས་ཉིན་གཅིག་དུས་གཅིག་ཏུ་འོས་བསྡུ་བྱས་ཡོད་པ་དང། ཕྱི་ཟླ་༤ ཚེས་༡༤ ཉིན་ནས་དབུས་འོས་བསྡུ་ལས་ཁང་ནས་འོས་ཤོག་གྲངས་བཤེར་འགོ་འཛུགས་ཀྱིས་ཕྱི་ཚེས་༢༧ ཉིན་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད་པ་རེད། ཐེངས་འདིར་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་ཁྲོད་འོས་ཤོག་བླུག་མཁན་ཁྱོན་ཡོངས་ཀྱི་ནང་ནས་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་༢༧༠༥༡ འོས་འཕེན་པ་སྤྱིའི་བརྒྱ་ཆ་༥༥ ལྷག་དང། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་འོས་གྲངས་༡༨༤༠༥ བརྒྱ་ཆ་༣༧ ལྷག བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ལ་འོས་གྲངས་༣༡༧༣ བརྒྱ་ཆ་༦ ལྷག་ཡིན་པ་རེད།

དེར་བརྟེན་སྐབས་འདིའི་བཀའ་བློན་ཁྲི་པའི་འོས་འདེམས་ཁྲོད་མཁས་དབང་བློ་བཟང་སེང་གེ་མཆོག་ལ་བརྒྱ་ཆ་ཚད་མཐོ་ཤོས་ཀྱི་ཐོག་ནས་རྒྱལ་ཁ་ཐོབ་ཡོད་པ་དང། བཀའ་བློན་ཁྲི་པའི་འོས་འདེམས་སྐབས་གཉིས་པའི་དངོས་གཞིའི་འོས་བསྡུའི་ཁྲོད་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་འོས་གྲངས་༢༩༢༡༦ བྱུང་ཡོད་པ་དང། ད་ལྟ་མཁས་དབང་བློ་བཟང་སེང་གེ་མཆོག་དང་འོས་གྲངས་བསྡུར་ན་འོས་གྲངས་༢༡༦༥ ཙམ་གྱིས་མཁས་དབང་ཟམ་གདོང་རིན་པོ་ཆེའི་འོས་གྲངས་མང་བ་བྱུང་ཡོད་པ་རེད། འོན་ཀྱང་འོས་འཕེན་པའི་བརྒྱ་ཆའི་ཐོག་བཤད་ན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ལ་བརྒྱ་༩༡ ལྷག་ཡིན་པ་རེད།

 

kalon tiba lobsang sangge

སྐབས་དེར་མི་མང་གི་ངོས་ནས་འོས་ཤོག་བླུགས་ཀྱང་མ་བླུགས་ཀྱང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིན་པ་དངོས་གཞིའི་འོས་ཤོག་མ་བླུགས་སྔོན་ནས་གཏན་ཁེལ་ཟིན་ཀྱང། འོས་བསྡུའི་སྒྲིག་གཞིའི་དགོངས་དོན་བཞིན་བསྐྱར་དུ་འོས་ཤོག་བླུག་དགོས་བྱུང་ཡོད་པ་རེད།

ལོ་སྔོན་མའི་ནང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་ལ་འགྱུར་བ་བཏང་ནས། སྔོན་འགྲོའི་འོས་འདེམས་ཁྲོད་བརྒྱ་ཆ་༥༡ ལྷག་གིས་རྒྱབ་སྐྱོར་ཐོབ་ཡོད་པ་དང། དངོས་གཞིའི་འོས་འདེམས་སྐབས་འོས་འགྲན་གྱི་ཁ་གཏད་གཞན་མེད་ན་ཁ་གཏད་མེད་པའི་བཀའ་བློན་ཁྲི་པར་འདེམས་ཐོན་བྱུང་བའི་གསལ་བསྒྲགས་བྱེད་དགོས་པའི་ཁྲིམས་ལུགས་གཏན་འབེབས་བྱུང་ཡོད་པ་རེད།།

{jcomments on}