བལ་ཡུལ་རྒྱལ་ཡོངས་ལ་ལས་མཚམས་འཇོག་བཅུག་པ།
སྐབས་དེར་གཞུང་ལམ་ཐོག་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་དང་། མཉམ་འབྲེལ་རྒྱལ་ཚོགས། གསར་ལས་ཁང་བཅས་ཀྱི་རླངས་འཁོར་རེ་གཉིས་ལས་བསྐྱོད་མཁན་མེད་པ་རེད། དེ་ནི་ཁོས་ཚོས་ནམ་རྒྱུན་ས་ཁོངས་རང་སྐྱོང་དགོས་ཚུལ་བརྗོད་བཞིན་པ་དང་། ད་ཐེངས་གཙོ་བོ་གཞུང་གིས་དུས་བཀག་ནང་ཚུད་རྒྱལ་ཁབ་ཀྱི་རྩ་ཁྲིམས་གསར་བཟོ་ཐུབ་པ་དགོས་པ་དང་། རྩ་ཁྲིམས་ནང་བལ་ཡུལ་ས་སྐྱེས་རྡོ་སྐྱེས་མི་རིགས་ཚོགས་སྡེ་ལ་ཐོབ་ཐང་ཁག་འཁོད་དགོས་པ་སོགས་ཀྱི་དགོས་འདུན་བཏོན་པ་ཡིན་འདུག།
༢༠༡༡ བལ་ཡུལ་ཡུལ་སྐོར་ལོར་ཆེད་དམིགས་ལས་འགུལ་དེའི་རིགས་མི་སྤེལ་རྒྱུ་གཞུང་ཕྱོགས་ནས་འབོད་སྐུལ་བྱས་བ་ལྟར། ད་བར་ཚོགས་སྡེ་ཁག་གིས་ལས་མཚམས་འཇོག་པའི་ངོ་རྒོལ་ལས་འགུལ་སྤེལ་བ་ཕལ་ཆེར་ཐོག་མ་ཆགས་འདུག།།
བལ་ཡུལ་གསར་འགོད་པས།