ཏཱ་ལའི་བླ་མའི་ཚུལ་དང་མི་མཐུན་པའི་“ཆབ་སྲིད་སྒྱུར་བཅོས་” ཀྱི་ལྟ་བ་གླེང་བ།
ཆོས་ལུགས་ཀྱི་དབུ་འཛིན་ཞིག་ཡིན་པའི་ཆ་ནས། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་འདི་ལྟར་ཆབ་སྲིད་ཧམ་གླེང་བྱེད་འོས་པ་ཞིག་ཡིན་ནམ། ཏཱ་ལའི་བླ་མས་ཀྲུང་གོའི་བོད་ལྗོངས་ལ་རྟག་དཔྱད་བྱེད་པར་སོང་ནས་བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་རྒྱུས་ལོན་བྱེད་པར་བསྐུལ་པའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཆོས་ལུགས་ལས་རིགས་ཀྱིས་ཆབ་སྲིད་ལ་ཐེ་གཏོགས་བྱེད་པའི་ལམ་ལུགས་ཤིག་མེད་པ་མ་ཟད། སྤྱི་དམངས་ཀྱིས་ཆོས་ལུགས་མི་སྣས་ཆབ་སྲིད་ལ་ཐེ་གཏོགས་བྱེད་པར་རེ་བའི་སྤྱི་ཚོགས་རིག་གནས་ཀྱི་ཁོར་ཡུག་ཅིག་ཀྱང་མེད་པ་འདྲ། ཡོ་རོབ་ཀྱི་ལོ་རྒྱུས་མཁྱེན་མཁན་ཚང་མས་ཤེས་གསལ་ལྟར། དུས་རབས་དཀྱིལ་མའི་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ནི་ཡོ་རོབ་པ་ལ་མཚོན་ན་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ཆེས་གདུག་རྩུབ་དང་མུན་ནག་ཆེ་བའི་དུས་རབས་དེ་ཡིན། ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན་དེ་ནི་ཡོ་རོབ་ཀྱི་དམྱལ་ཁམས་ལྟ་བུའི་དུས་རབས་ཤིག་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་འདི་ལྟར་ཆབ་སྲིད་ཧམ་གླེང་བྱེད་པ་དོན་གསར་བ་ཞིག་མ་ཡིན། ང་ཚོས་མཐོང་ཐུབ་པར་ཁོ་ནི་ཕྱི་རྒྱལ་གྱི་སྲིད་དོན་མི་སྣས་བཤད་པའི་ཆབ་སྲིད་བླ་ མ་ཞིག་རེད།
ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་རྒན་ཡོལ་ཞུ་བ་ཞེས་པའི་རང་འུར་རང་བསྟོད་ཀྱི་ཆབ་སྲིད་སྒྱུར་བཅོས་ཞེས་པ་བཤད་ན། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁག་གིས་སྤེལ་བའི་གནས་ཚུལ་ལ། ཏཱ་ལའི་བླ་མས་བསམ་པའི་དད་དཔོན་དང་། རྒྱལ་བོས་དབང་བསྒྱུར་བའི་ལམ་ལུགས་ད་ཆ་དུས་དང་མི་འཚམ་ཞིང་། བླ་མས་སྲིད་སྐྱོང་བ་ནི་དུས་རབས་དང་མི་མཐུན་པའི་ལམ་ལུགས་སུ་གྱུར་ཡོད་པའི་སྐོར་བཤད་པ་དང་། ཁོས་འདོད་ཚུལ་ལ་རྒྱལ་དབང་ལྔ་བ་ནས་བཟུང་བྱུང་བའི་མི་གཅིག་གི་ཁ་ལ་ཉན་པའི་རྗེས་ལུས་ཀྱི་ལམ་ལུགས་འདི་ལོ་ངོ་བརྒྱ་ཕྲག་དུ་མ་འགོར་ཞིང་ད་སྐབས་ལམ་ལུགས་དེ་འདོར་འོས་པའི་སྐབས་སུ་སླེབས་ཡོད་པ་རེད། ཁོས་ད་དུང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ནི་ལམ་ལུགས་འདི་མཇུག་བསྡུ་བའི་སྐབས་སུ་ཁེལ་ཡོད་པའི་སྐོར་བརྗོད་པ་རེད། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཕྱི་རྒྱལ་དུ་བྲོས་བྱོལ་བྱས་ནས་ལོ་༥༠ འགོར་རྗེས་ད་གཟོད་སྒྱུར་བཅོས་ཞེས་པ་འགོ་བརྩམས་ཤིང་། ད་དུང་དེར་ཁ་གཡར་ནས་ཀྲུང་གོས་ཀྱང་ཆབ་སྲིད་སྒྱུར་བཅོས་བྱེད་དགོས་པ་འུད་སྒྲོག་བྱེད་བཞིན་ཡོད་པ་རེད། དེ་ལས་མཐོང་ཐུབ་པ་ནི་ཏཱ་ལའི་བླ་མས་ཆབ་སྲིད་དང་ཀྲུང་གོའི་ཆབ་སྲིད་ཀྱི་དངོས་ ཡོད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དེ་བོད་བརྒྱུད་ནང་བསྟན་ལ་རྒྱུས་ལོན་བྱས་པ་ལས་ཉུང་བ་རེད།
ཀྲུང་གོའི་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མ་ གཞི་ནས་ཕྱེད་བཀས་བཀོད་རྒྱུད་འཛིན་དང་ཕྱེད་མི་སེར་སྤེལ་ཡུལ་དུ་གྱུར་བའི་ལམ་ ལུགས་རྙིང་བའི་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་ཆེན་པོ་ཞིག་ཡིན་ལ། མི་དམངས་ཡོངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་མངོན་དུ་གྱུར་བ་དང་། ཀྲུང་གོའི་ཏང་ཁག་མི་འདྲ་བ་དང་ལས་རིགས་མི་འདྲ་བ། རིམ་པ་མི་འདྲ་བའི་འཐུས་མི་རྣམས་རྒྱལ་ཁབ་དང་སྲིད་སྐྱོང་བའི་ལས་དོན་ནང་ཞུགས་ཀྱིན་ཡོད་པ་འདི་ནི་ཏཱ་ལའི་བླ་མས་དེ་རིང་ད་གཟོད་མཇུག་རྫོགས་མགོ་རྩོམ་པའི་མི་གཅིག་གི་ཁ་ལ་ཉན་པའི་ལམ་ལུགས་ལས་ལོ་བཅུ་ཕྲག་ཁ་ཤས་སྔ་བ་རེད།
དེང་ཀྲུང་གོའི་འཕེལ་རྒྱས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཐེབས་ཤིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་དང་དེའི་ཚོགས་ཁག་གིས་ཀྱང་ཕྱི་ཕྱོགས་དྲིལ་བསྒྲགས་འདྲ་མིན་གྱི་སྐབས་དེ་ཁས་ལེན་མི་བྱེད་ཐབས་མེད་བྱུང་ཡོད་པ་རེད། ཡིན་ནའང་ཁོ་ཚོར་འོད་སྟོང་འབར་བའི་གྲུབ་འབྲས་དེ་འདྲ་ཐོབ་པའི་རྒྱུ་མཚན་ལ་དྲང་གཞག་ངང་ཞིབ་མོར་ཞིབ་འཇུག་བྱེད་པའི་འདུན་པ་མེད་པ་རེད། སྨྱུག་ཐོགས་པས་ཏཱ་ལའི་ཚོགས་ཁག་གི་ལྷན་རྒྱས་རྣམ་པ་དང་དུས་རྒྱུན་བོད་ཀྱི་གནད་དོན་ལ་བརྟེན་ནས་མི་བཤད་དགུ་བཤད་བྱེད་བཞིན་པའི་ཕྱི་རྒྱལ་གྱི་དགེ་རྒན་རྒན་པ་རྣམས་ལ་བཤད་ཆོག་པ་ནི།
ཀྲུང་གོའི་ལོ་༣༠ ལྷག་ཙམ་གྱི་སྤྱི་ཚོགས་འགྱུར་བའི་ཁྲོད་ཆབ་སྲིད་སྒྱུར་བཅོས་ཀྱི་རྒྱུ་མང་པོ་ཞིག་འདུས་ཡོད་པ་སྟེ། ཕྱོགས་རེ་རེས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་ཡིས་ཀྲུང་གོས་རྒྱལ་ཁའི་ངང་གཅིག་འདུས་ཆེན་པོ་ཡིན་པའི་འཆར་གཞིའི་དཔལ་འབྱོར་ལམ་ལུགས་ནས་གསོན་ཤུགས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་ལམ་ལུགས་ལ་བསྒྱུར་བཅོས་བྱེད་པའི་རླབས་ཆེའི་བྱ་བ་མངོན་འགྱུར་བྱུང་ཞིང་། རྒྱུན་ཆད་མེད་པར་ཕྱི་ཕྱོགས་སྒོ་འབྱེད་བྱས་པར་བརྟེན་ཀྲུང་གོས་རྒྱལ་ཁའི་ངང་བཀག་སྡོམ་དང་ཕྱེད་བཀག་སྡོམ་ནས་ཕྱོགས་ཡོངས་སྒོ་འབྱེད་བྱེད་པའི་རླབས་ཆེའི་ལོ་རྒྱུས་རང་བཞིན་གྱི་འགྱུར་བ་བྱུང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱིས་ལྟེ་བ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པར་བརྟེན་ཕྱོགས་བསྡུས་རྒྱལ་ཤུགས་སྐས་རིམ་གསར་བར་སླེབས་པ། ནུས་ཤུགས་ཡོད་རྒུས་དམངས་ཀྱི་འཚོ་བ་ལེགས་བཅོས་དང་ཁག་ཐེག་བྱས་པས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་གཞི་རྩའི་སྟེང་འབྱོར་འབྲིང་གི་ཆུ་ཚད་དུ་སླེབས་པ། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་གོང་དུ་སྤེལ་བས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་དབང་ཆར་སྔར་བས་འགན་སྲུང་ཐོབ་པ། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་གོང་དུ་སྤེལ་བས་ཉིན་ལྟར་ཇེ་ཆེར་འགྲོ་བཞིན་པའི་མི་དམངས་ཀྱི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་སྔར་བས་སྐོང་ཐུབ་པ། ཤུགས་ཆེན་པོས་སྤྱི་ཚོགས་ཀྱི་ལས་དོན་གོང་དུ་སྤེལ་བར་བརྟེན་སྤྱི་ཚོགས་ཀྱི་འཆམ་མཐུན་དང་བརྟན་ལྷིང་སྲ་བརྟན་བྱུང་བ། ཏང་གིས་ཏང་དོ་དམ་བྱེད་པ་དང་ཏང་ནན་མོར་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་པར་བརྟེན་ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད། རུལ་སོང་ལ་ངོ་རྒོལ་དང་འགྱུར་བར་སྔོན་འགོག་བྱེད་པ། ཉེན་ཁ་འགོག་པའི་ནུས་པ་བཅས་མངོན་གསལ་ཇེ་མཐོར་ཕྱིན་ཡོད། ཁྱབ་ཁོངས་འདི་དག་ཡོད་ཚད་ལ་ཆབ་སྲིད་སྒྱུར་བཅོས་ཀྱི་བསམ་བློ་དང་ཁག་ཐེག་ཐིམ་ཡོད་པ་རེད། སྒྱུར་བཅོས་ཡོད་ཚད་ནི་སྔར་ཡོད་ཀྱི་ཆབ་སྲིད་ལྟ་བ་དང་ལམ་ལུགས་ལེགས་བཅོས་དང་འཐུས་ཚང་དུ་བཏང་བ་ལས་བྱུང་བའམ་ཡང་ན་ངེས་པར་དེ་བརྒྱུད་དགོས་ཤིང་། དེ་ལྟར་མིན་ན་དཔལ་འབྱོར་ལམ་ལུགས་དང་ལམ་ལུགས་གཞན་པའི་སྒྱུར་བཅོས་བྱེད་ཐབས་མེད་པ་ཞིག་རེད། ང་ཚོས་ཏཱ་ལའི་ཚོགས་ཁག་གི་ཆབ་སྲིད་ལམ་ལུགས་སྒྱུར་བཅོས་དེ་མ་གཞི་ནས་རྒྱུན་ཤེས་དང་བྲལ་བ་ཞིག་དང་། ཀྲུང་གོའི་ལོ་རྒྱུས་དང་དངོས་ཡོད་ལ་རྒྱུས་མངའ་ཅི་ཡང་མེད་པ་ཞིག་ཡིན་པ་མཐོང་ཐུབ།
པེ་ཅིང་དུ་ལོ་བཅུ་རིང་སྡོད་མྱོང་བའི་ཨ་རིའི་CNNཡི་དབུ་བཞུགས་གསར་འགོད་པ་ཆི་མའེ་ཁེ་ཡིས་《ཡེ་ཤུའི་ཆོས་ལུགས་ཀྱི་གདམས་ངག་ཚགས་པར་》སྟེང་རྩོམ་ཡིག་ཅིག་སྤེལ་བའི་ནང་འདི་ལྟར། ངས་འགན་ཁུར་བའི་སྒོ་ནས་བཤད་ཆོག་པར། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་༣༠ ནི་ཀྲུང་གོའི་དེང་རབས་ལོ་རྒྱུས་སྟེང་གི་ཆེས་ལེགས་པའི་ལོ་ངོ་༣༠ ཡིན་ཞེས་བཀོད་ཡོད་ལ། ཁོང་གིས་ཀྲུང་གོས་ལོ་ངོ་༣༠ ཙམ་ཁོ་ནས་རིང་དབྱིན་ཇི་དང་ཨ་རིའི་བཟོ་ལས་གསར་བརྗེའི་སྐབས་ཀྱི་ལོ་༡༠༠ སྤྱད་ནས་གྲུབ་པའི་འགན་ཁུར་གྲུབ་ཡོད་པའི་འདོད་ཚུལ་འཛིན་བཞིན་ཡོད། ཨ་རིའི་ལུང་བསྟན་མཁན་སྐད་གྲགས་ཅན་ནེ་སི་པི་ཐེ་ཡིས་ས་དངོས་ལ་རྟོག་ཞིབ་དང་དུས་ཡུན་ངེས་ཅན་ཞིག་རིང་ལ་ཞིབ་འཇུག་བྱས་རྗེས་འདོད་པར། ཀྲུང་གོའི་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བའི་རྒྱུ་མཚན་གཙོ་བོ་ཞིག་ནི་གོང་ནས་འོག་དང་འོག་ནས་གོང་བར་གྱི་སྟོབས་ཤུགས་སྙོམས་མཐུན་ཡོང་བས་ཡིན་པ་དང་། ཀྲུང་གོའི་སྲིད་གཞུང་གི་གོང་ནས་འོག་ལ་བཏང་བའི་བཀའ་དང་ཀྲུང་གོའི་མི་དམངས་འོག་ནས་གོང་ལ་ཞུགས་པ་དེས་ཆབ་སྲིད་མ་དཔེ་གསར་བ་ཞིག་གྲུབ་བཞིན་ཡོད་པ་དེར་ཁོང་གིས་གོང་འོག་དམངས་གཙོ་ཞེས་འབོད་ཀྱི་ཡོད་ལ། ཀྲུང་གོའི་གོང་ནས་འོག་དང་འོག་ནས་གོང་བར་གྱི་གོང་འོག་དམངས་གཙོའི་ལམ་ལུགས་ནང་། འགོ་ཁྲིད་ཀྱི་དབང་ཆ་སྤྱོད་མཁན་ནི་མི་སྒེར་མ་ཡིན་པར་ཚོགས་པ་ཡིན་པ་རེད། ནུབ་ཕྱོགས་ཀྱི་དམངས་གཙོའི་ལམ་ལུགས་ནི་མི་རབས་གཅིག་གིས་འཛུགས་སྐྲུན་བྱས་པ་ཞིག་མ་ཡིན་པར་ལོ་བརྒྱ་ཕྲག་དུ་མ་བརྒྱུད་རྗེས་ད་གཟོད་འཐུས་ཚང་དུ་ཕྱིན་པ་ཡིན་མོད། ཀྲུང་གོས་མི་རབས་གཅིག་རིང་ལ་གྲུབ་འབྲས་རྒྱ་ཆེན་པོ་བླངས་ཡོད་ལ། དེ་ད་དུང་མུ་མཐུད་མདུན་དུ་བསྐྱོད་ངེས་ཤིང་། རྒྱུན་ཆད་མེད་པར་གོང་ནས་འོག་དང་འོག་ནས་གོང་བར་གྱི་སྟོབས་ཤུགས་སྔར་བས་སྙོམས་མཐུན་ཡོང་བ་བྱེད་རྒྱུ་རེད། ཁོང་གིས་ད་དུང་བསྟན་པར། ཆབ་སྲིད་ཀྱི་ཁྱབ་ཁོངས་ནང་། ནུབ་ཕྱོགས་རྒྱལ་ཁབ་ཀྱིས་སྔར་བཞིན་ནུབ་ཕྱོགས་ཀྱི་དམངས་གཙོ་ནི་སྲིད་སྐྱོང་ལམ་ལུགས་ལེགས་ཤོས་དེ་ཡིན་ཞེས་བརྗོད་མོད། ཡིན་ནའང་ཀྲུང་གོ་ནས་མཐོང་ཐོས་བྱུང་བའི་གནས་ཚུལ་ལ་བལྟས་ན། ནུབ་ཕྱོགས་ཀྱི་དེང་རབས་དམངས་གཙོ་དེ་ང་ཚོས་དེང་ལེན་བྱེད་ཐུབ་པའི་དམངས་གཙོའི་རྣམ་པ་ཉག་གཅིག་ཡིན་མིན་ལ་ཐེ་ཚོམ་མི་སྐྱེ་རང་སྐྱེ་རེད། ཀྲུང་གོས་རང་གི་སྤྱི་ཚོགས་གསར་བ་ཞིག་དང་། ཆབ་སྲིད་ལམ་ལུགས་ཤིག་གསར་གཏོད་བྱེད་བཞིན་ཡོད།
དམངས་གཙོ་ནི་ཏཱ་ལའི་ཚོགས་ཁག་གིས་རྟག་ཏུ་གླེང་སྤྲོ་བའི་བརྗོད་གཞི་ཞིག་ཡིན་པས། སྨྱུག་ཐོགས་པས་འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་དངོས་ཡོད་དང་འཕེལ་ཕྱོགས་ལ་ཞིབ་འཇུག་བྱེད་མཁན་སྐད་གྲགས་ཅན་འདིའི་ལྟ་བ་དྲངས་ནས་སྐུ་ཞབས་ཏཱ་ལའི་ཡི་ལྟ་བར་ཨ་ལན་སློག་པ་ཡིན།
དེར་བརྟེན། སྨྱུག་ཐོགས་པ་ལ་བསམ་འཆར་ཞིག་ཡོད་པ་ནི། ཏཱ་ལའི་སྐུ་ཕྲེང་བཅུ་བཞི་བ་དང་དེའི་ཚོགས་ཁག་གི་ཁོངས་མི་རྣམས་ཀྱིས་ཀྱང་ཀྲུང་གོའི་ལོ་རྒྱུས་ལ་རྒྱུས་ལོན་དང་། ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་ལ་རྒྱུས་ལོན། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་༣༠ རིང་གི་འཕེལ་རྒྱས་ལ་རྒྱུས་ལོན་བྱེད་དགོས་ཤིང་། དེ་ལྟར་བྱས་ན་ད་གཟོད་ཀྲུང་གོ་དང་འབྲེལ་བའི་གཏམ་གླེང་སྐབས་ཚུལ་མིན་གྱི་ལྟ་བ་འབྱུང་མི་སྲིད་དོ།།