༧གོང་ས་མཆོག་ཉི་ཧོང་དུ་ཆིབས་སྒྱུར།

དེ་ཡང་ད་ཐེངས་༧གོང་ས་མཆོག་ཉི་ཧོང་དུ་ཕེབས་དོན་གཙོ་བོ་ནི། ཉེ་སྔོན་ཉི་ཧོང་དུ་ས་ཡོམ་དང་མཚོ་རླབས་ཤུགས་ཆེ་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གནོད་འཚེ་ཆེན་པོ་ཕོག་ཡོད་པ་དང། ཚེས་༢༨ ཉིན་འདས་པོ་ཚོའི་ཞེ་དགུ་འཁོར་གྱི་ཡོད་པས། རྐྱེན་འདས་ཕྱིན་པ་རྣམས་ལ་ཐུགས་སྨོན་དང་རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་བཀའ་སློབ་བཀའ་དྲིན་བསྐྱང་ཆེད་དུ་ཡིན་པ་རེད།།