ཀིརྟི་དགོན་པ་མྱུར་སྐྱོབ་དགོས་པའི་ལས་འགུལ།

དེ་ཡང་ཟླ་འདིའི་ཚེས་༢༦ ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་ཆོས་དང་། ཚོགས་མི་བསྟན་འཛིན་འཇིགས་བྲལ་གཉིས་ཀྱིས་ཛ་དྲག་གི་སྒོ་ནས་རྒྱ་གར་གྱི་གྲོས་ཚོགས་གོ་འོག་གཉིས་ཀྱི་འཐུས་མི་གང་མང་ཞིག་ལ་ཐུག་འཕྲད་བྱས་ཏེ། ད་ལྟའི་རྔ་པ་ཀིརྟི་དགོན་པ་རྒྱ་ནག་གིས་དམ་དྲག་འོག་ནས་སྐྱོབ་རོགས་ཞེས་ཡིག་ཆ་ཞིག་སྤྲད་པའི་ནང་འཁོད་དོན།

member of parliament lok sabha

༡ རྒྱ་ནག་གཞུང་གིས་སྣེ་ཁྲིད་པའི་རྒྱལ་གཅེས་ཆོས་གཅེས་དང་ཆབ་སྲིད་སློབ་གསོ་ཞེས་པའི་ལས་འགུལ་ཚང་མ་གང་མྱུར་འཚམས་འཇོག་དགོས་པ་དང་། ཀིརྟི་དགོན་པར་ཡོད་པའི་རྒྱ་ནག་གི་དྲག་པོའི་དམག་དཔུང་ཚང་མ་ཕྱིར་འཐེན་དགོས་པ།
༢ ཉེ་ཆར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་ཚང་མ་གློད་གྲོལ་དགོས་པ།
༣ ཀིརྟི་དགོན་པའི་སྐབས་བབ་ཀྱི་དངོས་ཡོད་གནས་སྟངས་ཇི་འདྲ་ཡིན་མི་ཤེས་རྟོགས་སླད། རྒྱལ་སྤྱིའི་ཚོགས་པ་དང་ཕྱི་རྒྱལ་གསར་འགོད་མི་སྣ་རྣམས་ས་གནས་སུ་འགྲོ་བསྐྱོད་ཀྱིས་རང་དབང་ངང་གནས་སྟངས་དཔྱད་ཞིབ་བྱེད་འཇུག་དགོས།
༤ ཀིརྟི་དགོན་པའི་གྲྭ་པ་རྣམས་ཀྱི་ཆོས་དད་རང་དབང་དང་འགྲོ་བསྐྱོད་ཀྱི་རང་དབང་ལ་གུས་བརྩི་ཞུ་དགོས་ཞེས་ཡིག་ཆ་འགྲེམས་སྤེལ་བྱས་ཡོད་པ་རེད།

ད་ལྟ་མུ་མཐུད་ནས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་དང་། རང་དབང་ཅན་གྱི་གཞུང་དང་ཚོགས་སྡེ་ཁག་ལ་རྔ་པ་ཀིརྟི་དགོན་པ་མྱུར་སྐྱོབ་ཆེད་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རོགས་ཞེས་འབོད་སྐུལ་ནན་གྱིས་ཞུ་རྒྱུ་ཡིན་ཞེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་ཆོས་ཀྱིས་འགྲེལ་བརྗོད་བྱས་འདུག །

{jcomments on}