དྲག་སྤྱོད་པའི་འགོ་དཔོན་བཀྲོངས་པར་དགའ་བསུ།

བལ་ཡུལ་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ལ་ཁ་གཏད་གཅོག་རྒྱུ་དུས་རྒྱུན་གཞུང་གི་སྲིད་ཇུས་གལ་ཆེན་ལ་འཛིན་བཞིན་པར། ད་ཐེངས་ཁོང་བཀྲོངས་ཐུབ་པ་བྱུང་བ་ནི་འཇིགས་སྐུལ་རིང་ལུགས་པར་རྒོལ་བའི་རྒྱལ་ཁ་རེད་ཅེས་བརྗོད་ཡོད་པ་རེད།

༢༠༠༡ ལོར་ཨ་རིའི་ཚོང་འབྲེལ་ཐོག་ཁང་ཆེན་མོ་གཉིས་གནམ་གྲུས་གཏོར་ནས་མི་གྲངས་སྟོང་ཕྲག་མང་པོ་བསད་པའི་ལྐོག་ཇུས་འཐེན་མཁན་བྷེན་ལཱ་ཏེན་ཡིན་པ་བཤད་བཞིན་པ་རེད།།