བོད་མི་མང་སྤྱི་འཐུས་ལྷན་ཁང་གི་འབོད་སྐུལ་སྙན་ཞུ།

ཞུ་སྙན་དེའི་ནང་འཁོད་དོན། དང་པོ། ཀིརྟི་དགོན་པའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུ་རྒྱུ་དང་། ད་ཆ་ཀིརྟི་དགོན་པའི་གནས་སྟངས་ཞི་འཇམ་ཡོང་ཆེད་འབྲེལ་ཡོད་རྒྱལ་ཁབ་སོ་སོའི་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཕྱི་འབྲེལ་ལས་ཁུངས་བརྒྱུད་འཕྲལ་མར་ཀིརྟི་དགོན་པའི་ནང་སྐུ་ཚབ་ཆེད་རྫོངས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཡིན་རྟོག་ཞིབ་གནང་རྒྱུ་དང་། གཉིས་པ། སྐུ་ཉིད་ཀྱི་རྒྱལ་ཁབ་ནང་གསར་འགྱུར་རང་དབང་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་པ་ལྟར་རྔ་པས་གཙོས་བོད་ཀྱི་ས་གནས་གཞན་ཁག་ཏུ་གསར་འགོད་པ་གཏོང་ཐབས་གནང་རྒྱུ། གསུམ་པ། སྐུ་ཉིད་ཀྱི་སྲིད་གཞུང་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་དགོན་པར་ཕྱིར་ལོག་ཆོག་པ་དང་སྦྲགས་དགེ་འདུན་པ་རྣམས་ལ་ཆོས་ཕྱོགས་ཀྱི་བྱེད་སྒོ་རྣམས་རྒྱུན་ལྡན་ལྟར་བྱེད་རྒྱུའི་རང་དབང་ལ་སྲུང་བརྩི་ཞུ་རྒྱུའི་འབོད་སྐུལ་གནང་རོགས་ཞེས་སོགས་འཁོད་ཡོད་འདུག །

{jcomments on}