༧གོང་ས་མཆོག་ཨ་རིར་ཞབས་སོར་འཁོད་པ།

དེ་ནས་༸གོང་ས་མཆོག་ལཱུང་བྷི་ཆཱི་གྲོང་ཁྱེར་གྱི་བཞུགས་གནས་མགྲོན་ཁང་དུ་ཕེབས་སྐབས་དགའ་ལྡན་ཤར་རྩེའི་མཁན་པོ་དགེ་བཤེས་བྱང་ཆུབ་ཆོས་ལྡན་མཆོག་དང། བྱང་ཨ་རིའི་སྤྱི་འཐུས་བསྟན་འཛིན་ཆོས་ལྡན། བཀའ་ཟུར་པདྨ་ཆོས་འབྱོར་སོགས་དད་ལྡན་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་འདུག ༸གོང་ས་མཆོག་གིས་དེར་འདུས་མང་ཚོགས་རྣམས་ལ་ཉེ་ཆར་མགོན་པོ་གང་ཉིད་མཆོག་གི་སྐུ་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམ་པར་རྩིས་སྤྲོད་མཛད་རྒྱུའི་སྐོར་བཀའ་སློབ་བསྩལ་ཡོད་པ་རེད།།