བློན་ཆེན་རྡོ་རྗེ་མཁའ་འགྲོའི་སྐུ་གདུང་ཞུགས་འབུལ།

ཉེ་ཆར་སྟབས་མ་ལེགས་པར་ཐད་འཕུར་གནམ་གྲུ་ས་ལ་ཟགས་ནས། ཨ་རུ་ནཱ་ཅལ་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་འདས་གྲོངས་སུ་ཕྱིན་པར་བརྟེན། བཙན་བྱོལ་གཞུང་དང་མི་མང་གིས་ཁོང་གི་ཆེད་དུ་བསྔོ་སྨོན་མཆོད་འབུལ་དང་མྱ་ངན་གུས་འདུད་རྒྱ་ཆེན་པོ་བྱེད་ཀྱི་ཡོད་པ་བཞིན། ཟླ་འདིའི་ཚེས་༡༠ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པའི་སྐུ་ཕུང་ཞུགས་འབུལ་གནང་རྒྱུ་ཡིན་པ་དང། སྐུ་གདུང་ཞུགས་འབུལ་མཛད་སྒོའི་ཐོག་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད།།

{jcomments on}