ཕྲན་པདྨ་འབྱུང་གནས་ཀྱི་གླ་ཡོད་ཆེད་བསྒྲགས།
བོད་སྤྱི་པའི་འཐབ་རྩོད་ཐོག་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་བསྩལ་གནང་མཛད་པར་དེ་རིང་གི་གོ་སྐབས་འདི་བཟུང་ནས་དད་གུས་དང་བཅས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་མུ་མཐུད་ཞབས་འདེགས་ཞུ་རྒྱུའི་སླད་དུ་ད་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་སུ་སླེབས་པར་དབུས་གཙང་མི་མང་ནས་རྒྱབ་སྐྱོར་གྱིས་འོས་ཤོག་ཤུགས་ཆེན་འཕངས་གནང་བར་ཡང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང༌། རྣམ་པ་ཚོས་ངར་རྒྱབ་སྐྱོར་གནང་བ་དེ་ནི་ད་བར་ངོས་ཀྱི་ལངས་ཕྱོགས་དང་བྱེད་ཕྱོགས་ལ་མོས་མཐུན་གནང་བ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་ན་མ་འོངས་པར་དེར་འགྱུར་བ་གང་ཡང་གཏོང་རྒྱུ་མིན།
ཆབ་སྲིད་ཀྱི་གཡོ་འཕྲུལ་ཅན་ཁ་ཤས་ཀྱིས་ངས་ཆོས་ལུགས་སྤྱི་འཐུས་དང༌། ཆོས་སྲིད་ཟུང་འབྲེལ་མེད་པ་བཟོ་སེམས་དང་བཟོ་འཆར་ཡོད་པའི་དཀྲོག་གཏམ་གང་སར་སྤེལ་དང་སྤེལ་བཞིན་ཡོད་ཚོད་འདུག་ན། དེ་ནི་དགོས་པའི་དབང་གིས་ཆབ་སྲིད་ཀྱི་གཡོ་གཏམ་འབའ་ཞིག་ལས་བདེན་ཆ་སྤུ་ཙམ་མེད་ན་དེ་དོན་དགོངས་འཇགས་འཚལ། ཕྲན་ས་སྐྱའི་སྤྱི་འཐུས་པདྨ་འབྱུང་གནས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༥ ལ།། །།