པེ་ཅིང་གནམ་བདེ་སྒོ་མོའི་ཕོ་བྲང་དུ་རྐུན་མ་འཛུལ་འདུག
ཟླ་འདིའི་ཚེས་༨ ཉིན་རྒྱ་ནག་གི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་གནམ་བདེ་སྒོ་མོའི་ཕོ་བྲང་ནི་ཧ་ཅང་གི་སྐད་གྲགས་ཅན་ཡིན་པ་དང། དེ་ཡང་རྒྱ་ནག་གོང་མ་རིམ་བྱོན་གྱི་གནའ་རྫས་དང་རྒྱ་ནག་གི་སྒྱུ་རྩལ་མཚོན་པའི་ཅ་དངོས་སྣ་ཚོགས་ཡོད་པས། རྒྱུན་ལྡན་ནས་སྲུང་བྱ་བས་དོ་དམ་ནན་པོ་བྱེད་བཞིན་ཡོད་ཀྱང། ཉེ་སྔོན་རྐུན་མ་འཛུལ་ནས་དངོས་རྫས་རིགས་མི་འདྲ་བ་ཁག་༧ འཁྱེར་ཤོར་བ་དང། དངོས་རྫས་དེ་དག་གི་རིན་ཐང་ཚོད་རྩིས་བྱེད་སྐབས་ཨ་སྒོར་ཁྲི་༡༥༠ ལྷག་ཙམ་ཆགས་ཡོད་འདུག ད་དུང་འབྲེལ་ཡོད་ཀྱིས་རྐུ་འཁྱེར་ཤོར་བའི་དངོས་རྫས་དེ་དག་འགྲེམས་སྟོན་གྱི་ཆེད་དུ་ཧོང་ཀོང་ནས་གཡར་ཡོང་བ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།
ཕོ་བྲང་གི་རྩིག་ཟུར་དུ་ཡོད་པའི་གསང་བའི་བརྙན་པར་ནང་ཤར་བ་ལྟར་ན། རྐུན་མ་དེ་སྐྱེས་པ་ལོ་ན་༢༠ ཡས་མས་ཤིག་ཡིན་ཞིང། འགྲེམས་སྟོང་ཁང་གི་སྒོ་ཆེན་མ་བརྒྱབ་པའི་སྔོན་དུ་འཛུལ་ནས་གབ་ཡིབ་བྱས་ཡོད་འདུག འགྲེམས་སྟོན་ཁང་གི་འགན་འཛིན་གྱིས། ཕོ་བྲང་དེའི་ཅ་དངོས་སྐུ་འཁྱེར་ཤོར་བ་འདས་པའི་༢༠ རིང་ལ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང། ཕོ་བྲང་སྔོན་དུས་ཀྱི་གོང་མ་ཚོའི་གཟིམ་ཤག་ཡིན་པས། རྐུན་མའི་རིགས་འཛུལ་ཁག་པོ་རེད་ཅེས་བརྒྱུད་ལམ་ཁག་ལ་འགྲེལ་བརྗོད་བྱས་ཡོད་པ་རེད།
{jcomments on}