ཀིརྟི་དགོན་པའི་གྲྭ་བློ་བཟང་རིན་ཆེན་འཛིན་བཟུང།
ཁོང་འཛིན་བཟུང་བྱེད་མཁན་རྔ་པ་རང་སྐྱོང་ཁུལ་གྱི་གསང་བའི་ལས་ཁུངས་ཀྱི་མི་སྣ་དང་ཉེན་རྟོག་པ་ཡིན་པས་འཛིན་བཟུང་བྱས་རྗེས་གང་དུ་ཁྲིད་ཡོད་མེད་དང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་སོགས་འབྲེལ་ཡོད་མི་སྣར་གསལ་པོ་བཤད་མེད་སྟབས་ད་ལྟ་གནས་ཚུལ་གང་ཡིན་གསལ་པོ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
དེང་སྐབས་རྔ་པ་ཀིརྟིའི་དགོན་པ་གཙོ་བོར་གྱུར་པའི་རྔ་པའི་དགོན་གྲོང་རྣམས་སྔར་བཞིན་དམ་དྲག་བྱེད་མུས་ཡིན་པ་མ་ཟད། ཀིརྟིའི་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་མུ་མཐུད་སྤེལ་བཞིན་པ་དང་། དགེ་འདུན་པ་རྣམས་ཀྱི་གྲྭ་ཤག་རེ་རེ་བཞིན་དམག་མི་དང་ཉེན་རྟོག་པས་དངོས་སུ་བཀག་སྡོམ་བྱས་ཡོད་ལ། བརྙན་ཕབ་འཕྲུལ་ཆས་དང་སྒྲ་ལེན་འཕྲུལ་ཆས་ཀྱིས་ལྐོག་ཏུ་བཙུགས་ནས་བཀག་སྡོམ་བྱས་ཏེ། གྲྭ་པ་རྣམས་ཀྱི་འགྲོ་འདུག་ཚང་མ་ཆུ་ཚོད་ཉེར་བཞིའི་རིང་ལྟ་རྟོག་འོག་གནས་ཡོད་འདུག །
གནས་ཚུལ་མཁོ་གཏོང་བ་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
{jcomments on}