བྷིན་ལ་དན་གྱི་དགྲ་ཤ་ཐེངས་དང་པོ་ཡིན་ཞེས་བརྗོད་འདུག
དེ་རིང་ཞོགས་པ་སྔ་མོ་ཀ་ཀི་སི་ཐན་གྱི་ནུབ་བྱང་ས་ཁུལ་ཤབ་ཁ་ཌཱར་དུ་ཡོད་པའི་དམག་སྒར་ཞིག་ཏུ་ཞོགས་པ་དམག་སྦྱོང་བྱེད་བཞིན་པའི་སྐབས། རང་སྲོག་བློས་གཏོང་བྱེད་མཁན་མི་གཉིས་སྒོ་འགྲམ་དུ་ཡོང་ནས་སྔ་རྗེས་སུ་འབར་རྫས་གས་གཏོར་བྱས་ནས་མི་གྲངས་༨༠ ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང།
དེ་ལྟར་བྱེད་མཁན་ནི་པ་ཀི་སི་ཐན་དུ་ཡོད་པའི་ཐ་ལི་བྷན་འཇིགས་སྐུལ་རིང་ལུགས་ཚོགས་པའི་ཚོགས་མི་གཉིས་ཡིན་འདུག་ལ། ཐ་ལི་བྷན་འཇིགས་སྐུལ་རིང་ལུགས་ཚོགས་པའི་མགྲིན་ཚབ་པས་དེ་ནི་བྷིན་ལ་དྷན་གྱི་དགྲ་ཤ་ཐོག་མ་དེ་བླངས་པ་ཞིག་ཡིན་པ་མ་ཟད། ད་དུང་མུ་མཐུད་དྲག་པོའི་ལས་འགུལ་རིམ་པ་བཞིན་སྤེལ་རྒྱུའི་འཆར་གཞི་ཡོད་ཅེས་ཕྱིར་བསྒྲགས་བྱས་ཡོད་པ་རེད།།
{jcomments on}