པཎ་ཆེན་རིན་པོ་ཆེ་འཛིན་བཟུང་བྱས་ནས་ལོ་༡༦འཁོར་བར་མྱ་ངན།
དེ་ཡང་ཧོན་སུར་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚུལ་ཁྲིམས་དཔལ་མོས་བརྗོད་པ་ལྟར་ན། ཞོགས་པའི་ཆུ་ཚོད་༩ པར་ཧོར་སུར་ས་གནས་བུད་མེད་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་རྒྱུ་སྨད་གྲྭ་ཚང་དུ་སེར་སྐྱ་མི་མང་༣༠༠ ལྷག་མཉམ་འཛོམས་ཀྱིས་ཆུང་སྲིད་པཎ་ཆེན་རིན་པོ་ཆེའི་ཞབས་བརྟན་གསོག་སྒྲུབ་ཞུས་པ་དང་། ཕྱི་དྲོ་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་རེད།
དེ་བཞིན་སྦེལ་ཀོབ་ཁུལ་གྱི་ས་གནས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་བུད་མེད་ཚོགས་པའི་ཚོགས་མི་རྣམས་༸རྒྱལ་བའི་ཕོ་བྲང་མདུན་ཐང་དུ་འཛོམས་ནས་བསང་གསོལ་འཕྲིན་བཅོལ་དང་ཞབས་བརྟན་གསོག་སྒྲུབ་ཞུས་རྗེས་ཕྱི་དྲོ་ཆུ་ཚོད་༥ པའི་ཐོག་གཞིས་གྲོང་དང་པོར་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་ཐུན་མོང་གི་གོ་སྒྲིག་འོག་མར་མེ་ཁྲོམ་སྐོར་བྱས་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་མི་ལོ་༡༦ འཁོར་བའི་མྱ་ངན་དུས་དྲན་སྲུང་བརྩི་བྱས་ཡོད་ཅེས་ས་གནས་བུད་མེད་ཚོགས་གཙོ་བསྟན་འཛིན་དབང་མོས་བརྗོད་སོང་།། མེ་སོར་གསར་འགོད་པས།