ཀོ་ལི་གྷལ་དུ་བོད་དོན་ཆེད་ཆོས་ཕྱོགས་ཀྱི་བྱེད་སྒོ།

མནར་གཅོད་འོག་གནས་པའི་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཇུ་བཟུང་བྱས་ནས་མི་ལོ་༡༦ འཁོར་བར་དྲན་གསོ་བཅས་ཀྱི་ཆེད།  འཕྲིན་བཅོལ་བསང་གསོལ་དང་རིམ་འགྲོ་གསོག་སྒྲུབ། མཆོད་མེ་སྟོང་ཚར་སྤར་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡོད་པ་རེད།

ཞོགས་པ་མི་མང་འདུ་འཛོམས་སྐབས་ས་འཐུས་ཚོགས་གཙོ་ཀརྨ་ཚེ་རིང་གིས་ལས་འགུལ་དང་འབྲེལ་བའི་གཏམ་བཤད་སྤེལ་དོན། “འཚེ་མེད་ཞི་བའི་ལས་འགུལ་ལ་བརྟེན་ནས་རྩ་དོན་རྩོད་པ་ལ་ཆིག་སྒྲིལ་གྱི་ནུས་པ་འདོན་རྒྱུ་གལ་ཆེན་པོ་རེད། རྒྱ་གཞུང་གིས་རྔ་པ་ཀིརྟིའི་ཡུལ་དུ་དྲག་གནོན་དང་དམ་དྲག་བྱེད་པ་མྱུར་དུ་མཚམས་འཇོག་དགོས་པ་དང་། རྒྱ་གར་དང་རྒྱལ་སྤྱིའི་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་རྣམས་ཀྱིས་རྒྱ་གཞུང་ལ་བོད་ནང་དམ་དྲག་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲད་རྒྱུར་རེ་སྐུལ་ཞུ་རྒྱུ་ཡིན་”ཞེས་བརྗོད་ཡོད་པ་རེད།

ས་གནས་གཞོན་ནུའི་ཚོགས་གཙོ་ཅུང་ལགས་ཀྱིས་”དོན་ལྡན་གླིང་གི་ས་གནས་ཀྱི་གནད་ཡོད་མི་སྣ་༦༠ ཙམ་གྱིས་ཟས་བཅད་ངོ་རྒོལ་དང། ཕྱི་དྲོ་མི་མང་གིས་མར་མེའི་ཁྲོམ་སྐོར་བྱས་ཡོད་པ་རེད་”ཅེས་བརྗོད་སོང།། མེ་སོར་གསར་འགོད་པས།