འབར་མ་རྒྱལ་ཁབ་ཀྱིས་བཙོན་པ་༡༤༠༠༠ ཙམ་བཙོན་གྲོལ་བཏང་འདུག
ཟླ་འདི་ཚེས་༡༦ ཉིན་འབར་མའི་སྲིད་འཛིན་གསར་པ་བྷོ་དན་ཧྲན་གྱིས་འབར་མའི་རྒྱལ་ནང་གི་བཙོན་པ་རྣམས་བཙོན་གྲོལ་གཏོང་དགོས་པའི་བཀའ་གནང་བ་ནས་བཟུང་། རྒྱལ་ཡོངས་ཀྱི་བཙོན་ཁང་ཁག་ནས་བཙོན་པ་༡༤༠༠༠ ཙམ་བཙོན་གྲོལ་བཏང་ཡོད་པ་རེད། དེ་ནི་ཟླ་གསུམ་པའི་ཟླ་མཇུག་ཏུ་དབུ་བརྙེས་པའི་འབར་མའི་སྲིད་གཞུང་གསར་པས་བཙོན་པ་བཙོན་གྲོལ་བཏང་བ་ཐེངས་དང་པོ་རེད་ཅེས་བརྗོད་འདུག།དེ་ལྟར་ཡིན་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོས་ནས་ཆབ་སྲིད་བཙོན་པ་རྣམས་ལ་གུ་ཡང་ཐོབ་པ་ད་དུང་ཤིན་ཏུ་ཉུང་ཉུང་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།།