ནང་པའི་ཚན་རིག་གི་འགྲེམས་སྟོན།

དེ་ཡང་ནང་པའི་མདོ་དང་བསྟན་བཅོས་ནས་གསུངས་པ་ཇི་བཞིན་འཇིག་རྟེན་ཆགས་འཇིག་གི་སྐོར་དང་། ཆར་གློག་འབྱུང་ཚུལ་བློ་རིག་སོགས་ཀྱི་སྐོར་རི་མོའི་སྡེ་ཚན་མི་འདྲ་བ་ལྔ་བཅུ་ལྷག་ཡོད་ཅིང། འགྲེམས་སྟོན་གྱི་སྐབས་སུ་གོ་སྒྲིག་བྱེད་མཁན་དགེ་འདུན་པ་གཉིས་ཀྱིས་སློབ་བཞུགས་རྣམས་དང་དྲི་བ་དྲིས་ལན་དང་། ཕན་ཚུན་གོ་རྟོགས་སྤེལ་རིས་ཀྱིས་སྦྱང་བཤད་བྱས་ཡོད་པ་རེད།

དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་ནི་མདོ་དང་བསྟན་བཅོས་དག་གི་ནང་ནས་དངོས་པོ་ལ་གུ་ཡངས་པ་དང་གཞི་རྒྱ་ཆེ་བའི་དཔྱད་བསྡུར་བྱས་ཡོད་པ་ཀུན་གྱིས་ཤེས་རྟོགས་ཡོངས་དང་སློབ་མ་དང་གཞོན་སྐྱེསས་དག་གིས་ནང་པའི་གཞུང་ལུགས་དང་ལ་སློབ་སྦྱོང་གི་ལམ་ནས་བསམ་བློའི་ཤེས་ཚད་གོང་མཐོར་འགྲོ་བའི་ཆེད་དུ་ཡིན་འདུག །