བོད་གཞུང་གི་མིང་བསྒྱུར་རྒྱུར་མོས་མཐུན་མི་འདུག
ཚོགས་ཆུང་སོ་སོའི་ནང་ནས་བཙན་བྱོལ་བོད་གཞུང་ཞེས་པ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སུ་སྒྱུར་རྒྱུ་ཞེས་པ་དང་། བོད་རྒྱལ་ཁབ་ཅེས་པ་མི་རིགས་ཞེས་པར་སྒྱུར་རྒྱུ་སོགས་ལ་མང་མོས་ཀྱིས་རྒྱབ་སྐྱོར་མ་ཐོབ་པར། ད་ལྟའི་བཅའ་ཁྲིམས་ནང་གསལ་ལྟར་དགོས་སྐོར་བརྗོད་ཡོད་པ་རེད།
༧གོང་ས་མཆོག་གི་སྐུ་དབང་ཐད་བསམ་ཚུལ་འདྲ་མིན་བྱུང་ཡོད་པ་དང་། བཅའ་ཁྲིམས་ཟིན་བྲིས་ཀྱི་སྔོན་གླེང་དང་དོན་ཚན་དང་པོའི་ནང་དོན་ཁག་༧གོང་ས་མཆོག་ལ་གསོལ་བ་ཕུལ་ཚུགས་སུ་འདེབས་དགོས་སྐོར་དང་། ཡང་༧གོང་ས་མཆོག་ལ་ཆོས་ཀྱི་རྒྱལ་པོ་དང་། གངས་ལྗོངས་རྒྱལ་བསྟནཡོངས་ཀྱི་མངའ་བདག བོད་གཞིས་བྱེས་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སོགས་མཚན་གང་འོས་ཤིག་འབུལ་དགོས་པའི་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེན་པོ་འདུག་ལ། ༧གོང་ས་མཆོག་ལ་དབྱིན་ཡུལ་གྱི་རྒྱལ་པོ་རྒྱལ་མོ་ལྟར་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་གནས་བཞེས་གནང་ཡོང་བའི་གསོལ་འདེབས་ཞུ་དགོས་སྐོར་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་འདུག
ཕྱི་དྲོ་ཆུ་ཚོད་གསུམ་པའི་ཐོག་ཚོགས་ཆུང་ཁག་གི་སྙན་ཐོག་ཕྱོགས་བསྡོམས་དང་། བཀའ་ཁྲིམ་དང་། སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་མཇུག་བསྡོམས་གཏམ་བཤད་གནང་གི་ཡོད་པ་རེད། ཟླ་འདིའི་ཚེས་༢༥ ཉིན་གྱི་ཆུ་ཚོད་༡༢ ཙམ་ལ་༧གོང་ས་མཆོག་གིས་ཚོགས་བཅར་བ་ཡོངས་ལ་མཇལ་ཁ་དང་བཀའ་སློབ་གནང་གི་ཡོད་པ་རེད།
གནས་ཚུལ་ཞིབ་ཕྲ་རྗེས་སུ་འགོད་རྒྱུ་ཡིན།
{jcomments on}