ཉིན་རེར་གློག་མེད་པའི་དུས་ཡུན་ཆུ་ཚོད་བརྒྱད་ཡིན།

བལ་ཡུལ་རྒྱལ་ནང་དུ་ཆུ་གློག་གི་མཐུན་རྐྱེན་ཞན་པོ་ཡོད་པར་བརྟེན། ལོ་ལྟར་དགུན་དུས་སུ་ཉིན་རེར་གློག་ཡོད་པ་ལས་མེད་པའི་དུས་ཡུན་རིང་བ་ཡོང་གི་ཡོད་པ་དང་། དེ་ཡང་ཉེ་བའི་དགུན་དུས་སུ་རྒྱལ་ས་ཀ་ཐཱ་མན་ཀྲོའུ་གྲོང་ཁྱེར་ལ་ཉིན་རེར་ཆ་སྙོམ་གྱིས་དུས་ཡུན་ཆུ་ཚོད་༡༦ རིང་ལ་གློག་མེད་པར་སྡོད་དགོས་བྱུང་ཐོག་དེ་ནས་རིམ་པས་ཆུ་ཚོད་༡༤ དང་ ༡༢ ་་་༡༠ ་བཅས་ད་ཆ་རེས་གཟའ་ལྷག་པ་ཕྱི་ཚེས་༢༥ ཉིན་ནས་གློག་མེད་པའི་དུས་ཡུན་ཆུ་ཚོད་བརྒྱད་བར་ཇེ་ཉུང་ལ་བཏང་ཡོད་པ་རེད། བལ་ཡུལ་གྱི་གློག་འདོན་ལས་ཁུངས་ནས་བརྗོད་དོན། དེ་ནི་ཉེ་བའི་ཆར་གནམ་གཤིས་ཇེ་ཡག་ལ་སོང་ཐོག་ཆར་ཆུ་མོད་པའི་གནམ་གཤིས་བསྟན་པར་ཆུ་གློག་ས་ཚུགས་ཁག་དུ་ཡང་ཆུ་རྒྱས་ནས་གློག་འདོན་ཚད་འཕེལ་བ་ཡིན་སྐོར་བརྗོད་ཡོད་པ་རེད།

འོན་ཀྱང་ད་དུང་ཡང་བལ་ཡུལ་ནང་གི་མཛད་སྤྱོད་པ་ཚོར་གློག་མེད་པའི་དུས་ཡུན་དེ་ལས་ཁུངས་ཚོགས་ཡུན་ལས་རིང་བ་ཡིན་པ་དང་། བདུན་རེར་བསྡོམས་པས་ཆུ་ཚོས་༥༦ ཙམ་རིང་གློག་མེད་པར་སྡོད་དགོས་ཀྱི་ཡོད་པ་རེད། བལ་ཡུལ་རྒྱལ་ཁབ་ཀྱི་གློག་འདོན་ལས་ཁུངས་ནས་བཤད་པ་ལྟར་ན་ད་དུང་ཡང་ལོ་ལྟར་རྒྱལ་ནང་དུ་གློག་མེད་པའི་དཀའ་ངལ་མི་མཐུད་གནས་རྒྱུ་ཡིན་པ་དང་། རྒྱལ་ནང་གི་གློག་གི་དཀའ་ངལ་སེལ་རྒྱུར་ད་དུང་མི་ལོ་ལྔ་ནས་བཅུ་བར་འགོར་གྱི་ཡོད་ཚུལ་བརྗོད་བཞིན་པ་རེད།།
བལ་ཡུལ་གསར་འགོད་པས།