༢༠༡༡ ལོའི་མཛངས་མའི་འགྲན་སྡུར་ནང་བུད་མེད་དྲུག་འདུག

miss tibet_2011

མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་དོན། བོད་ཀྱི་ན་གཞོན་བུད་མེད་དྲུག་སླེབས་ཡོད་པ་རེད། སྤྱིར་བཏང་ད་ལྟ་བོད་རྔ་པ་རུ་རྒྱ་ནག་གི་དྲག་གནོན་འོག་དཀའ་ངལ་ཡོད་པ་རེད། མཛངས་མའི་འགྲན་སྡུར་དེར་གྱོན་ཆས་ངོམ་སྟོན་དང་ཤོག་སྦག་སྦར་བ་སོགས་བྱས་དུས། བོད་ནང་དུ་དཀའ་ངལ་ཡོད་བཞིན་དུ་ངོམ་སྟོན་འདྲ་མིན་བྱེད་ཀྱི་འདུག་བསམ་སྲིད་པ་རེད་མོད། མཛངས་མའི་འགྲན་སྡུར་འགོ་བཙུགས་ནས་ལོ་བཅུ་འཁོར་སྐབས། དུས་དྲན་སྲུང་བརྩི་བྱེད་དགོས་པ་ཞིག་རེད། བོད་ནང་གི་དཀའ་ངལ་ང་ཚོས་དྲན་པ་བརྗེད་མེད་ལ། འཛམ་གླིང་གང་ས་ནས་གསར་འགོད་པ་དང་གློག་བརྙན་བཟོ་མཁན་མང་པོ་ཡོང་གི་ཡོད་པས།miss tibet 2011 གྱོན་ཆས་ངོམ་སྟོན་ཙམ་མ་རེད། བོད་མིའི་གནས་སྟངས་ངོ་སྤྲད་བྱེད་སའི་བརྒྱུད་ལམ་ཞིག་རེད། ད་ལྟ་བར་དུ་བོད་ཀྱི་བུད་མེད་༣༢ འགྲན་སྡུར་ནང་འཛུལ་ཞུགས་བྱས་འདུག་ལ་རྒྱལ་སྤྱིའི་འགྲན་སྡུར་ནང་བུད་མེད་ལྔ་འཛུལ་ཞུགས་བྱེད་ཐུབ་པ་བྱུང་སོང་ཞེས་འགྲེལ་བརྗོད་བྱས་སོང་། ཡང་ཁོང་གིས་དཔལ་འབྱོར་གྱི་གནས་སྟངས་སྐྱོ་པོ་ཡིན་པས། མཛངས་མའི་རྒྱལ་ཁ་ཐོབ་མཁན་ལ་གཟེངས་རྟགས་ཀྱི་སྒོར་མང་དུ་གཏོང་ཐུབ་མ་སོང་། ད་དུང་ཧིན་སྒོར་འབུམ་གཅིག་ཡིན་སྐོར་ཡང་འགྲེལ་བརྗོད་གནང་སོང་།

miss tenzin yangkyiསུད་སི་ནས་ཡོང་བའི་རང་ལོ་༡༧ ཅན་བསྟན་འཛིན་དབྱངས་སྐྱིད་ཀྱིས་གསུང་དོན། གལ་སྲིད་གུས་མོ་རང་ལ་མཛངས་མའི་འགྲན་སྡུར་གྱིི་རྒྱལ་ཁ་ཐོབ་ན་རྒྱལ་སྤྱིའི་སྡིངས་ཆ་འདྲ་མིན་སྟེང་བོད་མིའི་ངོ་ཚབ་མཚོན་ཐུབ་པ་ཡོང་གི་རེད། མ་ཟད་ཕྱིར་སུད་སི་ལུང་པར་ལོག་སྐབས་གཞན་ལ་བོད་དོན་དྲིལ་བསྒྲགས་ཆེད་བོད་ཀྱི་གནས་སྟངས་ཛ་དྲག་ཇི་འདྲ་ཡིན་མིན་དང་བོད་པའི་རིག་གཞུང་ངོ་སྤྲོད་སོགས་ཀྱི་ཐོག་ལ་སྐད་ཆ་ཤོད་ཐུབ་ཀྱི་རེད་བསམ་གྱི་འདུག་ཅེས་བརྗོད་སོང་།

 

miss chemeའཆི་མེད་ལྷ་འཛོམས་ནི་ཕྱི་ལོ་༡༩༨༦ སྐྱེས་པ་དང་ལྡི་ལིར་ཚོང་དོན་ལས་རིགས་ཐད་ལ་སློབ་སྦྱོང་བྱས་ཡོད་པ་རེད། མོས་མཛངས་མའི་འགྲན་བསྡུར་ནང་ཞུགས་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་གནང་དོན། བོད་པའི་སྲོལ་རྒྱུན་དང་སྐད་ཡིག ནང་ཆོས། རིག་གཞུང་སོགས་རྒྱ་ནག་དང་ཐ་དད་ཡིན་པ་དང་། འཛམ་གླིང་འདིའི་ཐོག་བོད་པ་ཚོར་རང་ཉིད་ལ་དབང་བའི་རྒྱལ་ཁབ་ཞིག་ཡོད་པ་ཤེས་རྟོགས་ཡོང་ཆེད་དུ། ད་ཐེངས་ཀྱི་མཛངས་མའི་འགྲན་བསྡུར་ནང་འཛུལ་ཞུགས་བྱས་པ་ཞིག་ཡིན། སྡིང་ཆ་འདི་བོད་པའི་བུད་མེད་ཚོར་བོད་དོན་ཁྱབ་བསྒྲགས་བྱེད་པའི་གོ་སྐབས་ཡག་པོ་ཞིག་རེད་དྲན་གྱི་འདུག་ཅེས་བརྗོད་སོང།

miss tenzin khechokབསྟན་འཛིན་མཁས་མཆོག་ནི་ལོ་༡༩ ཡིན་པ་དང་། ད་ལྟ་ཨ་རིའི་མཐོ་སློབ་ཅིག་ཏུ་སྨན་གཡོག་གི་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། ཁོང་གིས་མཛངས་མའི་འགྲན་སྡུར་ནང་ཞུགས་དགོས་པའི་དམིགས་ཡུལ་སྐོར་གསུང་དོན། ང་ཨ་རིར་སྡོད་མཁན་རེད་མོད། ཨ་རིར་བསྡད་དུས་ཨ་རིའི་མི་ཆགས་པ་མ་རེད། ང་བོད་པ་ཡིན་པས། བོད་མི་ཚང་མ་ལ་རོགས་སྐྱོར་བྱེད་འདོད་ཡོད། གཙོ་བོ་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ལས་ཀ་བྱེད་འདོད་ཡོད། ཨ་རིར་ཡོད་སྐབས་ཚང་མ་ཨ་རིའི་ཡི་གེ་སྦྱང་དགོས་པ་རེད། བོད་པའི་སྐོར་སློབ་སྦྱོང་བྱེད་རྒྱུར་དཀའ་ལས་ཡོད་པ་རེད། བོད་མིའི་ཡུལ་སྲོལ་གོམས་གཤིས་རིག་གཞུང་སྐོར་ལ་དོ་སྣང་བྱེད་ཀྱི་ཡོད་ལ། ད་ཐེངས་བོད་པའི་སྐོར་ལ་རྒྱུས་ལོན་བྱེད་རྒྱུར་གོ་སྐབས་ཡག་པོ་ཞིག་ཡིན་པས་འདིར་ཡོང་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

miss dolma tserinསྒྲོལ་མ་ཚེ་རིང་ནི་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་ཡིན་པ་དང་། ལོ་༢༤ ཡིན་པ་རེད། རྒྱ་གར་ཏ་མལ་ན་ཏི་རུ་གློག་ཀླད་གྱི་སྐོར་ལ་ཆེད་སྦྱོང་བྱེད་ཀྱི་ཡོད་པ་རེད།  ཁོང་གིས་གསུང་དོན། འདིར་ཡོང་དགོས་དོན་གཙོ་བོ་བོད་པའི་སྐོར་མང་པོ་ཞིག་ཤེས་ཀྱི་འདུག དེ་བཞིན་ཕན་ཚུན་བསམ་ཚུལ་བརྗེ་ལེན་དང་། བོད་པའི་སྐོར་སློབ་སྦྱོང་བྱེད་ཆེད་དུ་ཡིན། བོད་པའི་བུད་མེད་ཚོ་མཛངས་མའི་འགྲན་སྡུར་ནང་འཛུལ་ཞུགས་དགོས་པ་སྐུལ་ལྕག་གཏོང་ཆེད་དུ་ཡིན་ཞེས་འགྲེལ་བརྗོད་བྱས་སོང་།

miss tenzin sangmoབསྟན་འཛིན་བཟང་མོ་དྷ་སར་བསྡད་ཡོད་པ་དང་། རང་ལོ་༢༣ བྷེང་ལོར་མཐོ་སློབ་མཐར་ཕྱིན་ཡོད་པ་རེད། ང་སྔོན་མ་ནས་མཛངས་མའི་འགྲན་སྡུར་ནང་ཞུགས་འདོད་ཡོད་ལ། ད་ཐེངས་དངོས་སུ་ཞུགས་པ་རེད། བོད་དོན་སྐོར་གང་ཐུབ་ཁྱབ་བསྒྲགས་ཡོང་ཆེད་དང་། བོད་ཀྱི་རིག་གཞུང་གོམ་གཤིས་སྐོར་ལ་ཤེས་རྟོགས་ཡོང་ཆེད་དུ་ཡིན། བོད་པའི་བུད་མེད་ཚོའི་ལས་འགན་དེ་བོད་པའི་ཡུལ་སྲོལ་གོམ་གཤིས་དང་རིག་གཞུང་མ་བརླགས་པ་བྱེད་རྒྱུ་དེ་རེད།  རྒྱལ་སྤྱིའི་ཐོག་གང་སར་བོད་མིའི་གནས་བབ་འགྲེལ་བརྗོད་བྱེད་ཐུབ་དགོས་པ་རེད་ཅེས་བརྗོད་སོང་།

miss nyudup dolmaདངོས་གྲུབ་སྒྲོལ་མ་ནི་བོད་ནས་རྒྱ་གར་དུ་ཡོང་བ་དང་། ཨོ་སི་ཁྲུ་ལི་ཡའི་མཐོ་སློབ་ཅིག་ཏུ་སྨན་ཞབས་ཀྱི་སློབ་མཐར་ཕྱིན་ཡོད་པ་རེད། ཁོང་གིས་གསུང་དོན། ངའི་པ་ལགས་ཆབ་སྲིད་པ་རེད། ང་༢༠༠༩ ལོར་བོད་ལ་ཕྱིན་ནས་སྐབས། པ་ལགས་ལ་ཐུག་སོང་། ཁོང་གིས་བོད་དོན་ལ་ལས་ཀ་བྱེད་འདོད་ཡོད་མོད། ད་ལྟ་གཟུགས་པོས་ལྕོག་གི་མི་འདུག བུ་མོ་ཁྱེད་རང་གིས་བོད་དོན་ཆེད་དུ་ལས་ཀ་བྱེད་རྒྱུ་དྲན་པ་མ་བརྗེད་ཟེར་གྱི་འདུག ང་རང་ཡིན་ཡང་བོད་དོན་ཆེད་ལས་ཀ་བྱེད་རྒྱུའི་སེམས་ཤུགས་ཡོད་ལ། ཨོ་སི་ཁྲུ་ལི་ཡ་རུ་བོད་པའི་གཞས་སློབ་པ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། ད་ལྟ་མཛངས་མ་འགྲན་སྡུར་ནང་འཛུལ་ཞུགས་བྱེད་དོན་ཡང་བོད་ཆེད་དུ་ལས་ཀ་བྱེད་སྐབས་ཕན་ཐོགས་ཅུང་ཡོད་ས་རེད་བསམ་ནས་ཡོང་བ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

{jcomments on}