གྲོས་ཚོགས་ནང་འཁྲུག་ཆ་དོད་པོ་བྱུང་བའི་ཁྲིམས་འཆར་ཁག་ཅིག
དེ་ཡང་གྲོས་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ཡིག་ལ་བཀའ་བློན་ཁྲི་པ་མཆོག་གིས་མཚན་རྟགས་གནང་རྗེས་ཁྲིམས་སུ་བཅས་དགོས་སྐོར་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཚན་རྟགས་གནང་རྗེས་ཁྲིམས་སུ་བཅས་པ་ཞེས་པའི་ཐོག་སྤྱི་འཐུས་སོ་སོས་བསམ་ཚུལ་གསུངས་ཏེ་བགྲོ་གླེང་འཁྲུག་ཆ་དོད་པོ་བྱུང་བ་དང་། རྗེས་སུ་ཁྲིམས་ཡིག་ཐོག་བཀའ་བློན་ཁྲི་པས་མཚན་རྟགས་བཀོད་རྗེས་ཁྲིམས་སུ་བཅས་པ་ཞེས་གཏན་འབེབས་བྱུས་ཡོད་པ་རེད།
བཅའ་ཁྲིམས་ཀྱི་སྔོན་གླེང་ནང་དུ་བོད་ཀྱི་ལོ་རྒྱུས་མདོར་བསྡུའི་འཁོད་ཡོད་པའི་ནང་ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་འགོ་འཛུགས་ནས་ཇིང་གེ་སི་ཁཱན་གྱི་ཧོར་དམག་འོག་རྒྱ་ནག་ཙམ་མ་ཟད་བོད་ཁམས་ཡོངས་སུ་རྫོགས་ཚུད་ཅེས་འཁོད་དེར། བགྲོ་གླེང་འདྲ་མིན་བྱུང་བ་དང་། བཤད་སྟངས་དེ་རྩོད་གཞི་ཅན་ཡིན་པ་ལས། ལོ་རྒྱུས་སྨྲ་བ་སུས་ཀྱང་ཚིག་ཐག་ཆོད་པོས་བོད་ཁམས་ཡོངས་རྫོགས་ཧོར་དམག་གི་འོག་ཏུ་ཚུད་སྐོར་བྲིས་མེད་པས། བོད་ཁམས་ཡོངས་རྫོགས་ཧོར་དམག་འོག་ཏུ་ཚུད་པ་རེད་ཅེས་ཁྲིམས་ཐོག་ནས་གཏན་འབེབས་བྱས་ན། ལོ་རྒྱུས་ལ་འགན་མ་ཁུར་པ་ཡིན་སྐོར་སོགས་བརྗོད་དེ། ཕན་ཚུན་རྩད་གླེང་ཤུགས་ཆེན་བྱུང་ཏེ་རྒྱུ་མཚན་བཤད་རེས་བྱས་མཐར། ཚིག་བརྗོད་དེ་ཕྱིར་འཐེན་བྱས་ཏེ། བཅའ་ཁྲིམས་ཀྱི་སྔོན་གླེང་གཏན་འབེབས་བྱས་ཡོད་པ་རེད།
བཀའ་བློན་ཁྲི་པ་དང་བཀའ་བློན་གྱི་ལས་ཡུན་སྐོར་ལ་བགྲོ་གླེང་རིམ་པ་བྱས་པ་དང་། རྗེས་སུ་བཀའ་བློན་ཁྲི་པ་དང་བཀའ་བློན་གཞན་གྱི་འོས་ཆོས་སུ་བསྟུན་མར་སྐབས་གཉིས་བྱས་པ་མ་ཡིན་པ་ཞེས་དང། བཀའ་ཁྲིས་དམིགས་འཛུགས་བྱས་པའི་བཀའ་བློན་འོས་མི་བདུན་ལས་མ་མང་བར། གྲོས་ཚོགས་ནང་འོས་བསྡུ་བྱེད་དགོས་སྐོར་གྱི་བཅའ་ཁྲིམས་རྙིང་པའི་ནང་དོན་ཁག་རང་སོར་བཏན་འབེབས་བྱས་ཡོད་པ་རེད།
ཐེངས་འདིའི་གྲོས་ཚོགས་འཕར་མ་ནི་༧གཙོ་བོ་གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཆེད་དུ་ཡིན་པ་དང་། བོད་རྒྱལ་ཡོངས་གཞུང་མང་ཚོགས་ཆེན་སྐབས་ཀྱི་སྙན་ཐོ་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་པ་དང་། ཚོགས་ཆེན་ཐོག་བཙན་བྱོལ་བོད་གཞུང་ཞེས་པ་རང་སོར་འཇོག་དགོས་པ་མང་མོས་ཀྱིས་བསམ་ཚུལ་བྱུང་ཡོད་ནའང་། ༧གོང་ས་མཆོག་གིས་ཟླ་འདིའི་ཚེས་༢༧ ཉིན་གྲོས་ཚོགས་ཐོག་བཙན་བྱོལ་བོད་གཞུང་ཞེས་པའི་ཚབ་ཏུ་བོད་མིའི་སྒྲིག་འཛུགས་ཞེས་འབོད་དགོས་པ་དང་། རྒྱལ་རྟགས་ཀྱི་ཐོག་ཏུ་ཚོགས་ཆེན་ཐོག་བསམ་ཚུལ་འདྲ་མིན་བྱུང་བའི་གདམ་ཀ་ཅན་གྱི་ཚིག་བརྗོད་མང་པོ་ཞིག་༧གོང་ས་མཆོག་ལ་སྤྱན་འབུལ་ཞུས་རྗེས། བདེན་པ་ཉིད་རྒྱལ་གྱུར་ཅིག་ཞེས་འཁོད་ན་ལེགས་སྐོར་གྱི་དགོངས་ཚུལ་གསུངས་པ་ལྟར་དེ་བཞིན་གྲོས་ཚོགས་ནང་བཏན་འབེབས་བྱས་ཡོད་པ་རེད།།
བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པ་ལེགས་པར་གསུངས་པ།
{jcomments on}http://www.tibetexpress.net/bo/home/2010-02-04-05-35-27/5766-2011-05-27-07-06-04
བཙན་བྱོལ་བོད་གཞུང་ཞེས་པ་སྒྱུར་དགོས་དོན་མི་འདུག
http://www.tibetexpress.net/bo/2010-02-06-06-49-13/2010-02-04-05-42-15/5738-2011-05-22-13-52-53