སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམས་ཀྱིས་དམ་འབུལ་གནང་བ།

མཛད་སྒོའི་ཐོག་ཏུ་ཐོག་མར་བར་བརྒལ་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཚོགས་གཙོའི་ཁྲི་ལ་འཁོད་རྗེས། རིམ་བཞིན་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་དང། དེ་ནས་ཆོལ་ཁའི་སྤྱི་འཐུས་རྣམ་པ། དེ་ནས་ཡུ་རོབ་དང་བྱང་ཨ་རིའི་སྤྱི་འཐུས་རྣམ་པས་རེ་རེ་བཞིན་བར་བརྒལ་ཚོགས་གཙོའི་སྐུ་མདུན་དུ་དམ་བཅའ་ཕུལ་རྗེས་སོ་སོའི་ཁྲི་ལ་འཁོད་ཅིང། དེ་ནས་རྟེན་འབྱུང་གི་གསོལ་ཇ་འབྲས་སིལ་འདེགས་འབུལ་གྲུབ་རྗེས། བར་བརྒལ་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས་མཇུག་བསྡོམས་གནང་དོན།  བར་བརྒལ་གྱི་ཚོགས་གཙོ་ནི་སྤྱི་འཐུས་དམ་འབུལ་སྐབས་སུ་དམིགས་པ་གཅིག་པུ་ཡིན་སྟབས། ངས་གཏམ་བཤད་བྱེད་རྒྱུ་གང་ཡང་མེད། སྐབས་བཅོ་ལྔ་པའི་སྤྱི་འཐུས་རྣམ་པས་མང་ཚོགས་ཀྱིས་རེ་བ་དང་ཡིད་ཆེས་གནང་བ་བཞིན་བསྒྲུབས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་དེ་རིང་སྐབས་བཅོ་ལྔ་པའི་སྤྱི་འཐུས་དམ་འབུལ་གྱི་མཛད་སྒོ་གྲུབ་པར་གསལ་བསྒྲགས་ཞུ་རྒྱུ་ཡིན་ཞེས་གསུངས་སོང།

ཚེས་༣༠ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢ པར་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གསར་འདེམས་བྱེད་རྒྱུ་དང། དེ་ནས་ཕྱི་ཟླ་༦ པའི་ཚེས་༡ དང་༢ ལ་གྲོས་ཚོགས་འཚོག་རྒྱུ་ཡིན་པ་རེད།།

gyaltag

promise_02

promise_03

promise_05

promise_4

promise_06

 

{jcomments on}