རྒྱ་ནག་གིས་ནང་སོག་རང་སྐྱོང་ཁུལ་དུ་དྲག་གནོན་བྱེད་བཞིན་པ།
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་ཧོ་ལེ་ཐོ་ལེ་སྡེ་བའི་སོག་རིགས་འབྲོག་པ་ཞིག་གིས་སོ་སོའི་རྩྭ་ར་རྒྱ་མིའི་རྡོ་སོལ་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་གཏོར་བཤིག་མ་ཡོང་བའི་ཆེད་དུ་རྩྭ་ར་སྲུང་སྐྱོབ་བྱེད་སྐབས། རྒྱ་མིའི་རླངས་འཁོར་ཁ་ལོ་བས་བསམ་བཞིན་དུ་སོག་རིགས་འབྲོག་པ་ཞིག་ལ་རླངས་འཁོར་གྱིས་བརྡུངས་ནས་བསད་པ་དང། ད་དུང་རླངས་འཁོར་ཁ་ལོ་བས་སོག་པོའི་འབྲོག་པ་ཞིག་བསད་ཀྱང་ཧང་སང་བ་མི་འདུག རྒྱ་སྒོར་འབུམ་བཞི་མ་རེད་དམ་ཞེས་བརྗོད་པ་བཞིན། རྒྱ་ནག་གཞུང་གིས་ཀྱང་སོག་པོའི་མི་རྣམས་ལ་རྒྱབ་སྐྱོར་གང་ཡང་མ་བྱས་པས་ས་གནས་དེར་ཡོད་པའི་སོག་རིགས་འབྲོག་པ་དང་དེར་ཡོད་པའི་སོག་པོའི་སློབ་མ་སོགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ཙམ་གྱི་རིང་ལ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་འདྲ་མིན་བྱས་ཡོད་པ་དང་། ངོ་རྒོལ་བ་མང་དུས་མི་གྲངས་༢༠༠༠ ལས་བརྒལ་བ་ཡོང་གི་ཡོད་འདུག
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༩ རེས་གཟའ་ཉི་མ་ཉིན། ཨ་རིར་གནས་སྡོད་སོག་རིགས་མང་པོས་ཨ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ནས་མི་བསད་མཁན་ལག་དམར་ལ་ཁྲིམས་ལྟར་ཆད་པ་བཅད་དགོས་པ་དང། ཆབ་སྲིད་བཙོན་པ་ཧ་དྷ་ནང་མི་ཡོངས་མྱུར་དུ་གློ་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་དང། ལོ་ངོ་སུམ་ཅུའི་རིང་ལ་མཐོང་མ་མྱོང་བའི་ཟླ་འདིའི་ཚེས་༢༥ ཉིན་སློབ་མ་དང་མི་མང་ཉིས་སྟོང་ལས་བརྒལ་བའི་སོག་རིགས་མི་མང་གི་ངོ་རྒོལ་ལ་རྒྱབ་སྐྱོར་ཡོད་ཞེས་བརྗོད་ཡོད་འདུག དེ་བཞིན་ངོ་རྒོལ་ལས་འགུལ་དེའི་སྣེ་འཁྲིད་པས་བརྗོད་དོན། རྒྱ་མིས་སོག་ཡུལ་དུ་ཡོང་ནས་གཏེར་ཁ་སོགས་གང་འདོད་སྔོག་འདོན་བྱས་ནས་སོག་པོའི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཕོག་དང་ཕོག་བཞིན་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།།
{jcomments on}