ད་ནས་ཇོ་མོ་གླང་མའི་རི་རྩེར་འཛེགས་རྒྱུ་མིན།
།
དེ་ནི་ཉེ་བའི་ཆར་བསྐྱར་དུ་ཁོ་རང་ཇོ་མོ་གླང་མའི་དབུ་རྩེར་ཐེངས་ཉེར་གཅིག་པ་འཛེགས་རྗེས་ཕྱི་ཚེས་ ༢༩ ཉིན་ཕྱིར་བལ་ཡུལ་རྒྱལ་སའི་གནམ་ཐང་ལ་འབྱོར་སྐབས་གསར་འགོད་པ་ཚོར། ད་ནས་ཁོ་རང་ཇོ་མོ་གླིང་མའི་རི་རྩེར་འཛེགས་རྒྱུ་མཚམས་འཇོག་བྱས་པ་ཡིན། དེའི་རྒྱུ་མཚན་ནི་ད་བར་གྱི་མི་ལོ་ཉི་ཤུ་ལྷག་གི་ཕལ་ཆེར་ལོ་ལྟར་ཐེངས་རེ་ཇོ་མོ་གླིང་མའི་རི་རྩེར་འཛེགས་ནས་ད་ལྟ་འཛམ་གླིང་ཁྲོད་ཐེངས་མང་ཤོས་འཛེགས་མྱོང་མཁན་གྱི་ཟིན་ཐོར་གནས་ཡོད། ད་ལྟ་ངས་གཞོན་སྐྱེས་ཚོར་གོ་སྐབས་སྤྲོད་རན་ཡིན་པ་དང་མཉམ། རི་འཛེགས་ལས་དོན་ལ་དོ་སྣང་དང་རྒྱབ་སྐྱོར་བྱས་ཐོག་གཞོན་སྐྱེས་རི་འཛེགས་པ་ཚོར་སྦྱོང་བརྡར་སྤྲོད་རྒྱུ་སོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
ཨ་པཱ་ཤར་པ་ནི་ཇོ་མོ་གླི་མའི་ཡང་རྩེ་དང་དེ་སྔ་ནས་ཇོ་མོ་གླི་མར་ཐེངས་མང་ཤོས་འཛེགས་མྱོང་མཁན་བཅས་ཀྱི་མཚན་སྙན་ཡོད་པའི་འཛམ་གླིང་ཁྲོད་བྱུང་མྱོང་མེད་པའི་མི་སྣ་སྐད་གྲགས་ཅན་གྱི་ཟིན་ཐོའི་ཁོངས་སུ་ཡོད་པ་དང་། ད་ཐེངས་བསྐྱར་དུ་ཁོ་རང་གིས་ཟིན་ཐོའི་ཐོག་ཐེངས་ཉེར་གཅིག་པ་འཛེགས་པ་ཡིན་པར་ད་ལོ་དགུང་ལོ་ ༥༡ ཙམ་ཡིན་པ་རེད། ད་བར་ཁོང་གི་མཚན་སྙན་དང་ཡོང་སྒོ་བརྒྱུད་འཁྲུངས་ཡུལ་ས་གནས་ཀྱི་སློབ་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་ཆེད་ལས་དོན་གང་མང་བསྒྲུབ་བཞིན་པ་རེད་འདུག །
བལ་ཡུལ་གསར་འགོད་པས།