དབུས་གཙང་སྤྱི་འཐུས་གཉིས་ཀྱི་འོས་བསྡུ་འཕར་མ།

དེ་བཞིན་དབུས་འོས་བསྡུ་ལྷན་ཁང་ནས་དེ་སྔ་དེབ་སྐྱེལ་ཟིན་ཏེ་འོས་འཕེན་པ་རྣམས་གོང་ཚེས་ཉིན་འོས་འཕེན་དུ་ངེས་ཕེབས་ཡོང་བའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད། 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་བྱས་ཟིན་ནའང། དབུས་གཙང་ཆོལ་ཁའི་སྤྱི་འཐུས་གཉིས་ལ་འོས་གྲངས་ཀྱིས་བརྒྱ་ཆ་མ་ལོངས་པར། སྐབས་བཅོ་ལྔ་པའི་སྤྱི་འཐུས་བརྒྱད་ལས་འདེམས་ཐུབ་མེད་པ་དང་། ད་ལྟ་བསྐྱར་དུ་སྤྱི་འཐུས་གཉིས་འདེམས་དགོས་བྱུང་ཡོད་པ་རེད།།