རྩོམ་པ་པོ་ཐེའུ་རང་ལ་རྒྱ་ནག་གཞུང་གིས་ལོ་བཞིའི་ཁྲིམས་ཆད།

དེ་ཡང་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། ཁོང་ལོ་སྔོན་མའི་ཟླ་བཞི་པའི་ནང་གློ་བུར་ལན་ཀྲོའུ་གྲོང་ཁྱེར་ནས་རྒྱ་ནག་ཞུང་གིས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཁོ་བོའི་ནང་མི་དང་གྲོགས་པོ་ཚོས་ཡུན་རིང་ཞིག་ལ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་མེད་པར་ལུས་བ་དང་། གློ་བུར་ཟླ་འདིའི་ཚེས་ ༢ ཉིན་ཁོང་གི་ནང་ལ་གཞུང་ཕྱོགས་ཀྱི་ཡིག་ཆ་ཞིག་འབྱོར་ཏེ། ཁོས་“མེས་རྒྱལ་ཁ་བྲལ་”གྱི་ཁྲིམས་འགལ་ལས་ཀ་བྱས་རྐྱེན་མི་ལོ་བཞིའི་དུས་བཀག་ཁྲིམས་ཐག་བཅད་ནས་བཙོན་འཇུག་བྱེད་རྒྱུ་ཡིན་པ་གསལ་ཡོད་འདུག།

therang

ན་གཞོན་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ། སྨྱུག་མིང་ལ་ཐེའུ་རང་ལགས་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་སློབ་མཐར་ཕྱིན་ལ་ཉེ་བའི་སློབ་ཆེན་སློབ་མ་ཡིན་པ་དང་། སློབ་ཆེན་དེའིི་༢༠༠༨ ལོར་སྐད་གྲགས་ཆོད་པའི་ཤར་དུང་རི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། ༼ཁྲག་ཡིག༽དཔེ་དེབ་ཀྱི་རྩོམ་པ་པོ་ཡིན་པ་རེད། རྒྱ་ནག་གཞུང་གིས་ཁོང་གི་རྩོམ་ཡིག་ཁག་ཏུ་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་དོགས་གཞིའི་དེ་སྔོན་ཐེངས་གཅིག་ཕ་ཡུལ་ཐང་སྐོར་ནས་འཛིན་བཟུང་གིས་གྲོང་ཁྱེར་ཁྲིན་ཏུའུ་བཙོན་ཁང་ཞིག་ཏུ་ཟླ་གཅིག་ལ་ཉེ་བའི་རིང་བཀག་ཉར་བྱེད་མྱོང་ཡོད་པ་དང་། ༢༠༡༠ ལོའི་ཟླ་༤ ཚེས་༦ ཉིན་བསྐྱར་དུ་རྒྱ་ནག་གཞུང་གིས་མི་རིགས་ཁ་བྲལ་རིང་ལུགས་དང་། ༢༠༠༨ ལོའི་ནུབ་བྱང་བོད་ཀྱི་སློབ་མའི་ཞི་བའི་ལས་འགུལ་གྱི་སྣེ་ཁྲིད་པ། ད་དུང་བོད་ཀྱི་གཞོན་ནུ་ཚོགས་པ་སོགས་ལ་འབྲེལ་བ་ཡོད་པའི་ནག་ཉེས་བཙན་འགེབས་བྱས་ཏེ་འཛིན་བཟུང་བྱས་ནས་ཡུན་རིང་འགོར་རྗེས་ཁྲིམས་ཐག་བཅད་པ་ཞིག་ཡིན་པ་རེད།

ཁོ་བོ་ནི་བོད་ཨ་མདོ་རྔ་བ་མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་ནས་ཡིན་པ་དང་། ད་ལོ་རང་ལོ་ཉེར་ལྔ་ཙམ་ཡིན་པ་རེད།།

{jcomments on}