༧གོང་ས་མཆོག་ནིའུ་ཛི་ལན་ཌི་དང་ཨོ་སི་ཁྲུ་ལི་ཡར་ཆིབས་བསྒྱུར།
ལོ་འདིའི་ཟླ་༢ ཚེས་༢༢ ཉིན་ས་ཡོམ་རིན་པ་༦དང་ཚེག་༣ བརྒྱབ་ནས། མི་གྲངས་༡༨༡ ཙམ་འདས་གྲོངས་སུ་གྱུར་པ་དང་སྡོད་ཁང་སོགས་ལ་གནོད་སྐྱོན་ཤུགས་ཆེ་ཕོག་པའི་དྲན་གསོའི་མཛད་སྒོར་ཕེབས་རྒྱུ་ཡིན་པ་རེད།
དེ་རྗེས་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་མེལ་བྷོན་དང་བྷི་རི་སི་བྷེན། སན་ཤཱན་ཁོ་སི་ཊི་བཅས་སུ་མང་ལ་ཚོགས་ལ་བཀའ་སློབ་དང་ཝི་ཏི་ནམ་ནང་པའི་བསྟི་གནས་གསར་བཞེངས་ལེགས་གྲུབ་ཀྱི་དབུ་འབྱེད་མཛད་རྒྱུ། ཨོ་སི་ཁྲུ་ལི་ཡའི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་དང་མཇལ་འཕྲད་ཀྱིས་གསར་འགོད་པའི་དྲི་བར་བཀའ་ལན་མཛད་རྒྱུ། ཨོ་སི་ཊོ་ལི་ཡའི་ཁུལ་དུ་གནས་སྡོད་བོད་རིགས་དང་སོག་རིགས་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་རྒྱུ་མ་ཟད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཀའ་ཆོས་བཀའ་དྲིན་བསྩལ་རྒྱུ་དང་། བོད་རིགས་དང་རྒྱ་རིགས་མཐུན་སྒྲིལ་ཚོགས་པའི་གོ་སྒྲིག་འོག་ཨོ་སི་ཁྲུ་ལི་ཡའི་རྒྱ་རིགས་ཁག་གཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ་རྒྱུ།
དེ་བཞིན་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་ལ་མཇལ་འཕྲད་མཛད་རྒྱུ་ཡིན་འདུག དེ་བཞིན་ཨོ་སི་ཁྲུ་ལི་ཡའི་རྒྱལ་ས་ཁན་བྷེ་ར་ནང་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་མཇལ་འཕྲད་མཛད་རྒྱུ་མ་ཟད། ཨོ་སི་ཁྲུ་ལི་ཡའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ཨོ་སི་ཁྲུ་ལི་ཡའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་གཅིག་དང་ལྷན་འཛོམས་བཀའ་སློབ་གནང་རྒྱུ་ཡིན་འདུག དེ་བཞིན་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་བྷིར་སི་བྷན་དུ་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་ཐོག་བསམ་བློ་ཇི་འདྲ་གཏོང་དགོས་མིན་དང་ལག་ལེན་ཇི་འདྲ་བསྟར་དགོས་མིན་གྱི་བརྗོད་གཞི་དང་། དེ་བཞིན་མང་ཚོགས་ཁྲོད་《དབུ་ཁྲིད་ཀྱི་རིན་ཐང་》ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་མ་ཟད། དེ་རྗེས་བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་སྟངས་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད།།