བོན་གྱི་འབུམ་ཚོགས།

དེ་ནི་ཁྲི་བརྟན་ནོར་བུ་རྩེའི་འདུས་སྤྱི་ནས་ལོ་ལྟར་འབུམ་ཚོགས་ཐེངས་གཉིས་རེ་རྒྱས་ཚོགས་བྱེད་བཞིན་པ་ལྟར། ལོ་འགོའི་མ་གཅིག་སྲིད་པའི་རྒྱལ་མོའི་འབུམ་ཚོགས་ཀྱི་ཚོགས་མགོན་ལ་གཡུང་དྲུང་བོན་གྱི་བླ་ཆེན་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང། སྒྲུབ་བྲལ་མཁན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཀྱིས་ཉིན་༨ རིང་ཚོགས་བཞིན་པ་དེ་ཡང་གཙོ་བོ་སྐྱེས་འགྲོ་ཐམས་ཅད་ཀྱི་ཕན་བདེའི་གཞི་རྩ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་གནས་པ་དང་། འགྲོ་བ་ཀུན་ལ་ནད་མུག་འཁྲུག་རྩོད་སོགས་འགལ་རྐྱེན་གྱི་མཚན་མ་ཡོངས་སུ་ཞི་ནས་འཛམ་གླིང་ཞི་བདེའི་དཔལ་ལ་སྤྱོད་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཞབས་པད་གཡོ་མེད་བརྟན་ཞིང་ཐུགས་ཀྱི་བཞེད་དགོངས་ཡོངས་སུ་འགྲུབ་པ་དང། bon nepal 1གཞིས་བྱེས་བོད་མི་ཡོངས་ཀྱི་འདོད་དོན་མྱུར་དུ་འགྲུབ་པ། ལྷག་པར་ད་ཐེངས་ཀྱི་འབུམ་ཚོགས་སྟེང་བོད་ཨ་མདོ་རྔ་པ་ཀིརྟི་ཕྱོགས་ཀྱི་ཛ་དྲག་གི་གནས་སྟངས་ཆེད་དམིགས་བསལ་སྨོན་ལམ་གསུང་བཞིན་ཡོད་སྐོར་དགེ་སྐོས་གཡུང་དྲུང་ཚུལ་ཁྲིམས་ལགས་ཀྱིས་འགྲེལ་བརྗོད་གནང་བ་དང་། དེ་བཞིན་རྒྱ་ནག་གི་དམ་དྲག་གིས་སྲིད་ཇུས་ཕྱིར་འཐེན་བྱས་ནས་ཞི་བའི་ཐབས་ལམ་ལ་བསྐྱོད་རྒྱུའི་འབོད་སྐུལ་ཡང་བྱས་ཡོད་པ་རེད།
གོང་གི་འབུམ་ཚོགས་ཚོགས་ཡུལ་ཁྲི་བརྟན་ནོར་བུ་རྩེ་ནི་༡༩༨༧ ལོར་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་པ་དང་། ད་ཆ་བལ་ཡུལ་ནང་གཡུང་དྲུང་བོན་གྱི་གདན་ཆེ་ཤོས་སུ་གྱུར་ཡོད་ལ། བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དགེ་འདུན་པ་བཅས་ཞལ་གྲངས་༣༠༠ མ་ཟིན་ཙམ་ཡོད་པ་རེད།།   བལ་ཡུལ་ས་གནས་གསར་འགོད་པས།

{jcomments on}