འཇིགས་སྐུལ་བ་ཞིག་རྐྱེན་ལམ་དུ་བཏང་བ།

ཟླ་འདིའི་ཚེས་༣ ཉིན་ཨབ་གྷ་ནི་སི་ཐན་དང་ས་མཚམས་སྦྲེལ་བའི་པཱ་ཀི་སི་ཐན་གྱི་ནུབ་བྱང་མངའ་ཁུལ་ཝ་ཛི་རི་སི་ཐན་དུ་གནམ་ཐོག་ནས་ཨ་རིའི་མི་མེད་པའི་གནམ་གྲུ་གྲཱོན་(drone)ཞེས་པས་མེ་ཤུགས་འཕུར་མདའ་འཕངས་ཏེ་རྐྱེན་ལམ་དུ་བཏང་ཡོད་འདུག ཁོ་ནི་པཱ་ཀི་སི་ཐན་མངའ་ཁོངས་ཀ་ཤི་སྨིར་ནས་ཡིན་པ་དང་པཱ་ཀི་སི་ཐན་ས་ཐོག་ནས་རྒྱ་གར་གྱི་མངའ་ཁོངས་ཀ་ཤི་མི་རིའི་རང་བཙན་རྩོད་མཁན་གྱི་འཇིགས་སྐུལ་རིང་ལུགས་པའི་འགོ་དཔོན་ཞིག་ཡིན་པ་རེད།

ཐོག་མར་ཁོ་པ་༡༩༨༠ ནང་ལོ་བཅུ་ཕྲག་ཙམ་ལ་ཨབ་གྷ་ནི་སི་ཐན་དུ་ཨུ་རུ་སུའི་བཙན་འཛུལ་བར་འཐབ་རྒོལ་བྱེད་མཁན་ཞིག་ཡིན་པ་དང། དེ་ནས་༡༩༩༡ ལོར་ཨལ་ཁཱེ་དྷ་དང་འབྲེལ་བ་ཡོད་པའི་ཧུ་ཇི་(HUJI)ཚོགས་པར་ཞུགས་ནས་རང་ཉིད་ཀྱིས་ཚོགས་པ་༣༡༣ བྷི་རི་གྷེཌ་ཞེས་པ་ཞིག་བཙུགས་ཏེ་ཕྱོགས་མཐའ་མང་པོར་འཇིགས་སྐུལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

༢༠༠༨ ལོར་རྒྱ་གར་མུམ་བྷེ་གྲོང་ཁྱེར་གྱི་ཏཱ་ཇི་གསོལ་མགྲོན་ཁང་དུ་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་དེའི་སློབ་སྟོན་པ་ཡིན་འདུག ཉེ་ཆར་ཨོ་སཱ་མ་བྷིན་ལ་དྷན་རྐྱེན་ལམ་དུ་བཏང་བ་དེའི་དགྲ་ཤ་ལེན་པའི་ཆེད་དུ། པཱ་ཀི་སི་ཐན་གྱི་མཚོ་དམག་གི་གནམ་ཐང་ཆེ་ཤོས་མེཧ་རཱན་ཞེས་པའི་ཐོག་དྲག་པོའི་རྒོལ་རྡུང་བཏང་བ་དེའི་སློབ་སྟོན་པའང་ཡིན་སྐོར་གསལ་འདུག །